99653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣར་ཐང་ཆོས་ཀྱི་གྲྭ་ (1)
Part of speech མིང་ཚིག
Definition སྣར་ཐང་དགོན་པ་སྟེ། རབ་བྱུང་གསུམ་པ་ཆུ་བྱ་ཕྱི་ལོ་༡༡༥༣ལོར་པོ་ཏོ་བའི་ཡང་སློབ་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ། དེར་དགེ་བཤེས་ཤ་ར་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་ཁྲིད་རྒྱུན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པའི་འདུལ་བ་གཙོ་བོར་འཛིན་ཅིང་། རབ་བྱུང་བཞི་པའི་དུས་སུ་མཁན་པོ་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སངས་རྒྱས་ཡབ་སྲས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་འགྱུར་རོ་ཅོག་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་བསྒྲིགས་པ་དང་། རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་ཕྱི་ལོ་ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཀྱིས་མཐུན་རྐྱེན་མཛད་དེ་བཀའ་འགྱུར་པད་བརྒྱ་ཐམས་པ་དང་བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བར་དུ་བསྐྲུན། གཞན་སྟོན་པ་སངས་རྒྱས་ཀྱི་འཁྲུངས་རབས་དཔག་བསམ་འཁྲི་ཤིང་གི་ཐང་ག་ཉི་ཤུ་རྩ་ལྔ་དང་། རྗེ་ཙོང་ཁ་པའི་རྣམ་ཐར་ཆ་ཚང་གི་ཐང་ག་བཅོ་ལྔ་བཅས་ཤིང་པར་དུ་བསྐྲུན།