9967
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། གཟུགས་ལྔ་ནི། འཁྲུལ་པའི་གཞི་དང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་འཁྲུལ་པའི་འབྲས་བུའི་བྱེ་བྲག་གཟུགས་རྣམ་པ་ལྔ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ཡང་འཁྲུལ་པའི་རྒྱུ་རྐྱེན་རྒྱས་པར་བཤད་ན། འཁྲུལ་པའི་གཞི་ནི་ཀུན་གཞིའམ་རླུང་ཡིན་ནོ། །འཁྲུལ་པའི་རྒྱུ་མ་རིག་པ། འཁྲུལ་པའི་རྐྱེན་ཡིད། འཁྲུལ་པའི་དུས་སེམས་ཀྱི་ལེན་པ། འཁྲུལ་པའི་ཚུལ་རིམ་གྱིས་རིམ་པར་ཕྱི་ནང་སྣོད་བཅུད་དུ་འཁྲུལ། འཁྲུལ་པའི་འབྲས་བུ་སྤྱིར་སེམས་ཅན་ཐམས་ཅད། སྒོས་གཟུགས་ལྔ་ལས་འོད་གཟུགས། རིགས་གཟུགས། བག་ཆགས་ཀྱི་གཟུགས། ཡིད་ཀྱི་གཟུགས། ཤ་ཁྲག་གི་གཟུགས་དང་ལྔའོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |