99684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣུན་ (1)
Part of speech བྱ་ཚིག
Definition ནུ་མའི་ནང་གི་འོ་མ་ཕྲུ་གུ་ལ་འཇིབ་ཏུ་བཅུག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྣུན།, ཨ་མ་ཕྱི་ལོགས་སུ་ཕེབས་ན་བྱིས་པར་ནུ་མ་བསྣུན་རྒྱུ་མ་བརྗེད།]
Present [སྣུན།, ནུ་མ་སྣུན་མཁན་གྱི་ཨ་མ།]
Past [བསྣུན།, ནུ་མ་བསྣུན་ནས་བྱིས་པ་གཉིད་དུ་བཅུག]
Imperative [སྣུན།, ལྟོགས་པའི་བུ་ལ་མྱུར་དུ་ནུ་མ་སྣུན་ཅིག་ལྟ་བུ།]
སྣུན་ (2)
Part of speech བྱ་ཚིག
Definition རྡོ་དང་དབྱུག་པ་མཚོན་ཆ་སོགས་ཀྱིས་གཞན་ལ་རྡེག་པའི་དོན།
Keyword True
Future [བསྣུན།, མཚོན་རྣོན་པོ་གནད་དུ་བསྣུན་དགོས།]
Present [སྣུན།, གནད་དུ་སྣུན་བྱེད་ཀྱི་མཚོན།]
Past [བསྣུན།, མགོ་ལ་དབྱུག་པས་བསྣུན་ནས་ཁྲག་ཐོན།]
Imperative [སྣུན།, གནད་ལ་སྣུན་ཅིག་ལྟ་བུ།]