997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་འབུམ་མི་རྒོད་ (1)
Part of speech མིང་ཚིག
Definition འདི་བ་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཁག་མང་པོའི་གྲྭ་བ་རྒན་བགྲེས་རྣམས་ཀྱི་ངག་རྒྱུན་དུ། སྐུ་འབུམ་ཀླུ་འབུམ་ཚོ་བར་འཁྲུངས་ཤིང་བསམ་བློ་མི་ཐུང་དང་ལྷན་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁང་ཚན་དུ་ཆོས་ཞུགས་གནང་ཡང་སློབ་གཉེར་མ་མཛད་པར་ཕོ་རྩལ་སྣ་དགུ་སྦྱངས་པས་རྡོབ་རྡོབ་སྐད་གྲགས་ཅན་ཞིག་ཏུ་གྱུར་ཅེས་གྲགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལ་སླད་དུག་དྲངས་པ་འདི་བས་ནན་གྱིས་ཞུས་ནས་དུག་དབྱུང་མཛད་པའི་ལོ་རྒྱུས་སོགས་ལ་གཞིགས་ན་རབ་བྱུང་བཅུ་གཅིག་པའི་སྨད་ཙམ་ལ་འཁྲུངས་པར་སྙམ།