9975
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། གཟུགས་ཁམས་སས་བསྡུས་ཀྱི་སྤྲུལ་པ་སྟེ། དཔེར་ན་རྟེན་གཟུགས་ཁམས་པས་རང་ལུས་ཀྱི་ཚོགས་པ་ན་ཡོད་པའི་གཟུགས་དྲི་སྐྱེ་མཆེད་གཉིས་པོ་དེ་སྤྲུལ་གཞིར་བྱས་ནས་རང་སའི་ཕྱིའི་སྐྱེ་མཆེད་དེ་དང་དེར་བསྒྱུར་བའམ་སྤྲུལ་པ་དེ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལས་ཕྱི་རོལ་ཏུ་གྱུར་པའི་གཟུགས་ཀྱི་སས་བསྡུས་པའི་གཟུགས་དྲི་སྤྲུལ་གཞིར་བྱས་ནས་ཕྱིའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། དེ་བཞིན་དུ་རྟེན་འདོད་པ་བས་རང་ལུས་ལ་མངོན་དུ་གྱུར་པའི་གཟུགས་ཀྱི་སས་བསྡུས་པའི་དྲི་སྤྲུལ་གཞིར་བྱས་ནས་གཟུགས་དྲིའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པའི་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལུས་ལ་མངོན་དུ་མ་གྱུར་པའི་གཟུགས་ཀྱི་སས་བསྡུས་པའི་དྲི་གཟུགས་སྐྱེ་མཆེད་གཉིས་པོ་སྤྲུལ་གཞིར་བྱས་ནས་གཟུགས་དྲིའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་སྟེ་སྤྱིར་གཟུགས་སུ་གཏོགས་པའི་སྤྲུལ་པ་རྣམ་པ་བཞི་ཡིན་ཏེ། མཛོད་རྩ་བ་ལས། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །གཟུགས་གཏོགས་གཉིས། ཞེས་པའི་འདོད་པར་གཏོགས་པའི་སྤྲུལ་པ་རྣམ་པ་བཞི་དངོས་སུ་བསྟན་ནས་གཟུགས་སུ་གཏོགས་པའི་སྤྲུལ་པ་རྣམ་པ་བཞི་ཤུགས་ལ་བསྟན་ཏོ། ། |
| Domain | ཆོས་ལུགས། |