99780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣོད་ཀྱི་དྲི་མ་དྲུག་ (1)
Part of speech མིང་ཚིག
Definition ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བའི་སྒྲོན་མེ་ལས་བྱུང་བ་སྟེ། ང་རྒྱལ་ནི། ཆོས་འཆད་པ་པོའི་བླ་མ་ལས་ཀྱང་ང་མཁས་སྙམ་པའི་ང་རྒྱལ། མ་དད་པ་ནི། ཆོས་དང་བླ་མའི་སྐྱོན་ལ་རྟོག་པའི་མ་དད་པ། དོན་དུ་གཉེར་བ་མེད་པ་ནི། ཆོས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྙམ་པའི་དོན་དུ་གཉེར་བ་མེད་པ། ཕྱི་རོལ་ཏུ་རྣམ་པར་གཡེང་བ་ནི། སེམས་ཕྱི་རོལ་དུ་ཚོགས་དྲུག་གི་ཡུལ་ལ་གཡེང་བ། སེམས་ནང་དུ་སྡུད་པ་ནི། སེམས་ཧ་ཅང་སྡུད་ཆེས་པར་གཉིད་དང་རྨུགས་པར་འཆོར་བ། སྐྱོ་བས་ཉན་པ་ནི། ཆོས་ཐུན་རིང་དྲག་པ་སོགས་ཀྱིས་སེམས་སྐྱོ་སུན་གྱི་དབང་དུ་སོང་བ་རྣམས་སྤོང་བའོ། །
Domain ཆོས་ལུགས།