99790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣོད་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གསང་སྔགས་སྤྱི་སྤུངས་ཞི་བའི་དབང་ཆོག་གི་སྐབས་སུ་བཤད་པའི་སློབ་མའི་སྒོ་གསུམ་གྱི་སྣོད་གསུམ་སྟེ། ཕྱི་སྣོད་ལ་སྒྱུ་ལུས་ལྷ་ཡི་གཞལ་ཡས་ཁང་གི་སྣོད་། ནང་སྣོད་ལ་ངག་དབྱངས་འཛབ་ཀྱི་སྣོད། གསང་བའི་སྣོད་ལ་ཡིད་སེམས་བོན་སྐུའི་སྣོད་དང་གསུམ་དུ་བཤད་དེ། ཞི་བ་གཡུང་དྲུང་ཡོངས་རྫོགས་ལས། སྣོད་གསུམ་ཞེས་ཀྱི་བྱ་བ་ནི། །ཕྱི་སྣོད་སྒྱུ་ལུས་གཞལ་ཡས་ཁང་། །ནང་སྣོད་ངག་དབྱངས་འཛབ་ཀྱི་སྣོད། །གསང་བ་ཡིད་སེམས་བོན་སྐུའི་སྣོད། །ཅེས་གསུངས་པས་ངེས་སོ། །
Domain ཆོས་ལུགས།