99791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣོད་ངན་ཆོས་དང་རིང་བ་རྣམ་དྲུག་ (1)
Part of speech མིང་ཚིག
Definition ཕག་བཞིན་ཅི་རྙེད་ཟ་བས་བསྒྲུབ་མི་ནུས། །རང་མཐོང་རྨ་བྱ་འདྲ་བས་འགྲོགས་མི་ཤེས། །ཚིག་ཚུགས་ཕ་བོང་འདྲ་བས་སྐབས་མི་ཕྱེད། །ཀུན་འཛུགས་བཟེ་མ་འདྲ་བས་དམ་མི་ཐུབ། །སྦྲུལ་བཞིན་གདུག་རྩུབ་ཆེ་བས་རྒྱུད་མི་ཐུལ། །སྤྲེལ་བཞིན་སྤྱམ་ལ་འབྱོར་བས་བསྒྲུབ་མི་ཚུགས། །གླང་བཞིན་ཤེས་རབ་བླུན་པས་ཆོས་མི་གོ །དེ་ཕྱིར་འདི་དག་སྤངས་ནས་བསྒྲུབ་པ་གཅེས། །
Domain ཆོས་ལུགས།