998
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༨༤ ཟླ་བ་བཞི་པའི་ཡར་ངོར་མཚོ་སྔོན་རྡོ་སྦིས་གསེར་མུག་ལྗོངས་ཀྱི་ཆར་གཏོགས་ཧོར་གྲོང་པ་ཞེས་པར་ཡབ་ལྷ་ལུང་སྐྱབས་དང༌། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་བལྟམས། དགུང་ལོ་ལྔ་པར་འབྲས་སྤུངས་སྒོ་མང་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་ལྡན་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས། ཡི་གེ་སྦྱོར་ཀློག་ལ་སྦྱངས་པ་ལེགས་པར་མཛད། བཅུ་དྲུག་པར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སློབ་གཉེར་ལ་བརྩོན་པ་ཆེན་པོ་མཛད། ཨ་ཁུ་གུང་ཐང་བློ་གྲོས་དང༌། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སོགས་མཁས་པ་མང་པོ་བསྟེན། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། ཉེར་གཅིག་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མདོ་སྔགས་རིག་གནས་དང་བཅས་པར་མཁས་པ་མཆོག་གྲུབ་དཀར་པོ་དང༌། འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན། རིག་པའི་གནས་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་མཛད། འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རྒྱ་ཆེར་སྤེལ། སོ་གསུམ་གྱི་སྟེང་ལྷ་རམས་འཕར་མའི་མིང་བཏགས་བླངས། ནོར་བུ་གླིང་གའི་རྩོད་རྒྱུགས་སྐབས་ཨང་དང་པོ་ཐོབ། རྩེའི་གཟིམ་ཆུང་དུ་ཚོགས་ལངས་སོགས་མཁས་གྲགས་ཀྱི་རྩལ་ཐོན། ལོ་དེར་སྨོན་ལམ་གྱི་གྲྭ་སྐོར་བ་རྣམས་དམ་བཅའ་ཨང་རིམ་སྒྲིག་སྐབས། རྒྱལ་བ་བཅུ་གསུམ་པའི་བཀའ་ལྟར་རིག་པའི་གནས་ལྔ་ལ་མཁས་པ་ཨང་དང་པོ་འབྲས་སྤུངས་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་མཚན་སྙན་བྱུང་། སོ་བཞི་པར་རྒྱལ་བ་བཅུ་གསུམ་པའི་བཀའ་ལྟར་བུ་སྟོན་གྱི་གསུང་འབུམ་པོད་ཉེར་དྲུག་སྐོར་ལ་པར་གཞི་གསར་བཞེངས་ཀྱི་ཞུ་དག་དང༌། དེ་རྗེས་བཀའ་འགྱུར་ལྷ་ས་པར་གསར་གྱི་ཞུ་དག་མཛད། སློབ་གཉེར་ལ་དོན་གཉེར་བྱེད་མཁན་མང་པོར་སྒྲ། སྙན་ངག སུམ་རྟགས་སོགས་ཁྲིད་ནས་བསྐྱེད་བསྲིངས་གནང་། བོད་ཀྱི་རིག་གནས་མི་ཉམས་གོང་སྤེལ་གྱི་བྱ་བ་མང་པོ་ཞིག་མཛད། ང་ལྔ་པར་རྒྱ་ནག་ཏུ་ཕེབས། ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོའི་གོ་གནས་བཞེས། དོན་གསུམ་པ་མེ་སྤྲེལ་ཕྱི་ལོ་ ༡༩༥༦ ལོར རྒྱ་གར་དང༌། བལ་པོ་རྒྱལ་ཁབ་གཉིས་ཀྱིས་གདན་ཞུས་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་ཚོགས་ཆེན་ལ་ཞུགས། འབར་མ། ཅན་པུའུ་ཀྲེ། སིང་ག་ལ་སོགས་སུ་ཕེབས་ནས་ཆོས་ལུགས་ཀྱི་མཚམས་འདྲི་གནང༌། རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ལོར་ ༡༩༦༨ ཟླ་ ༡༡ ཚེས་ ༡ ཉིན་མཚོ་སྔོན་ཕྱོགས་སུ་སྐུ་གཤེགས། སློབ་མ་ཡང་ཧ་ཅང་མང་པོ་ཡོད། དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱམ་ཚོ་དང༌། དགེ་བཤེས་གཞུང་པ་ཚུལ་ཁྲིམས་རྒྱ་མཚོ་བཅ ས་ཡོད། གསུང་རྩོམ་ལ་པོད་གསུམ་བཞུགས། མཚན་གཞན། རྡོ་སྦིས་ཤེས་རབ་རྒྱ་མཚོ། རྡོ་སྦིས་ཤེས་རབ། |