9980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སུ་ཉེར་འགྲོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་སུ་ཉེར་འགྲོའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་སུ་སྐྱེ་བ་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན། བར་འདའ་བ་དང་། སྐྱེས་འདའ་བ་དང་། གོང་འཕོ་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ལ་དབྱེ་ན་ལྔ་ཡོད་དེ། དེ་ལ་དེ་འདྲའི་བར་འདའ་བ། སྐྱེ་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། གོང་འཕོ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། ཤི་འཕོས་མ་ཐག་གཟུགས་ཀྱི་བར་སྲིད་དུ་ཉིང་འཚམས་སྦྱར་ནས་བར་སྲིད་དེའི་རྟེན་ལ་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དབྱེ་ན་གསུམ་དུ་ཡོད་དེ། དེར་གྱུར་པའི་མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། དུས་ཡུན་རིང་མོ་གཅིག་ནས་འདའ་བ་རྣམས་སུ་ཡོད་པའི་ཕྱིར། སྐྱེ་འདའ་བ་ལ། མཚན་ཉིད་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། ཤི་འཕོས་མ་ཐག་གཟུགས་ཁམས་ཀྱི་བར་སྲིད་དེ་ནས་དེའི་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་སྐྱེ་སྲིད་དེའི་ཚེ་སྟོད་ཁོ་ན་ལ་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གསུམ་པ་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བའི་མཚན་ཉིད་ནི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། ཤི་འཕོས་ནས་གཟུགས་ཀྱི་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་སྐྱེ་སྲིད་དེའི་ཚེ་སྨད་ཁོ་ན་ལ་འབད་རྩོལ་ཆེན་པོས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། བཞི་པ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། འབད་རྩོལ་མེད་པར་མྱ་ངན་ལས་འདའ་བའི་དེ་ལྟ་བུ་ལ་བྱེད་པ་ཡིན། ལྔ་པ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། ཁམས་གོང་མར་སྐྱེ་སྲིད་བརྒྱུད་ནས་བླངས་ནས་མཐར་འོག་མིན་དང་སྲིད་རྩེ་གང་རུང་གི་རྟེན་ལ་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་སུ་དམིགས་པ། དེའི་མཚན་ཉིད། དེ་ལ་དབྱེ་ན། འོག་མིན་མཐར་ཐུག་འགྲོ་དང་། སྲིད་རྩེ་ཐར་ཐུག་འགྲོ་གཉིས། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བ་ཡང་ཡིན། བསམ་གཏན་སྤེལ་བསྒོམས་བྱས་པའི་སྟོབས་ཀྱིས་མཐར་འོག་མིན་དུ་སྐྱེས་ནས་འོག་མིན་གྱི་རྟེན་ལ་མྱ་ངན་ལས་འདའ་བའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པ་དམིགས་པ། དེའི་མཚན་ཉིད། དེ་ལ་དབྱེ་ན། འཕར་བ། ཕྱེད་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་དུ་ཡོད། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བ་ཡང་ཡིན། སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་བའི་རིགས་ཅན་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྲིད་རྩེའི་མཐར་ཐུག་འགྲོའི་མཚན་ཉིད།
Domain ཆོས་ལུགས།

{{#arraymap:གཟུགས་སུ་ཉེར་འགྲོ་

|; |@@@ | | }}

གཟུགས་སུ་ཉེར་འགྲོ་ (2)
Part of speech མིང་ཚིག
Definition ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་ནང་གསེས་ཤིག འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་ཁམས་སུ་ངེས་པར་སྐྱེ་བ་བླངས་ནས་གཟུགས་ཁམས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེེད་པའི་རིགས་ཅན། དེ་ལ་དབྱེ་ན། སྲིད་པ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་ལས་འདའ་བ་དང་། མངོན་པར་འདུ་བྱེད་མེད་པས་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་གཅིག་ཏུ་བགྲངས་པས་ལྔ་དང་ཡང་ན་གཟུགས་སུ་ཉེ་བར་འགྲོ་བ་གསུམ་བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། གོང་དུ་འཕོ་བ་གསུམ་མོ། །

{{#arraymap:གཟུགས་སུ་ཉེར་འགྲོ་

|; |@@@ | | }}