99804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣོད་བཞི་ལ་བསྟན་པ་བཞི་རུ་གསུངས་པ་དང་སྦྱར་ཏེ་བཤད་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་མཚན་གྱི་རྣམ་གྲངས་བདུན་པོར་བཤད་ལུགས་རྣམ་པ་བདུན་དུ་གསུངས་པའི་དྲུག་པ་སྟེ། འདི་ནི་མཚན་གྱི་རྣམ་གྲངས་བདུན་པོ་རེ་རེ་བཞིན་སྟོན་པ་བཞིས་ཞེན་ཆགས་ཅན་དང་ལོག་སྲེད་ཅན་དང་རིགས་རྒྱུད་ཅན་དང་བློ་གྲོས་ཅན་ཏེ་གདུལ་བྱ་སྣོད་བཞི་ལ་རིམ་པར་འདོད་པ་རང་རྐྱེན་གྱི་ཚིག་དང་བཀྲི་དྲང་བརྒྱུད་པའི་ཚིག་དང་ལྡེམ་དགོངས་སྦྱོར་བའི་ཚིག་དང་དོན་དམ་ངེས་པའི་ཚིག་སྟེ་ཚིག་བཞི་གསུངས་པ་དང་སྦྱར་ཏེ་བཤད་ཚུལ་ཡིན།
Domain ཆོས་ལུགས།