9982
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། གཟུགས་སུ་ཉེ་བར་འགྲོ་བ་དེ་ནི་རྣམ་པ་ལྔ་སྟེ། བར་མ་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་སོ། །དེ་ལ་དང་པོ་ནི་འདི་ནས་ཤི་འཕོས་ཏེ་གཟུགས་ཀྱི་བར་དོར་དགྲ་བཅོམ་ཐོབ་པར་བྱེད་པའོ། །གཉིས་པ་ནི་ལམ་སྒོམ་པ་ལ་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་གཉིས་ཀ་ཡོད་པས་ཚངས་རིས་ལ་སོགས་པར་སྐྱེས་མ་ཐག་ཏུ་དགྲ་བཅོམ་ཐོབ་པར་བྱེད་པའོ། །གསུམ་པ་ནི་བརྩོན་པ་ཡོད་ཀྱང་ལམ་ངང་གིས་འབྱུང་བ་མེད་པས་དེ་ལམ་སྒོམ་པ་ལ་རྩོལ་བ་དང་བཅས་པས་དགྲ་བཅོམ་ཐོབ་པར་བྱེད་པའོ། །བཞི་པ་ནི་བརྩོན་པ་དང་ལམ་ངང་གིས་འབྱུང་བ་གཉིས་ཀ་མེད་པས་ཚངས་རིས་ལ་སོགས་པར་སྐྱེས་ནས་ཡུན་རིང་པོ་ལོན་ནས་ལམ་སྒོམ་པ་ལ་རྩོལ་བ་མེད་པར་དགྲ་བཅོམ་ཐོབ་པར་བྱེད་པའོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་ལ། སློབ་དཔོན་ནི་མདོ་ལས། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་མངོན་པར་འདུ་བྱེད་མེད་པར་མྱང་འདས་སྔར་འབྱུང་བས་དེ་དང་མཐུན་ཡང་འབད་རྩོལ་མེད་པ་དང་ཡོད་པས་འཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཡིན་པས་ལམ་ངང་གིས་འབྱུང་བ་དང་ངང་གིས་འབྱུང་བ་མ་ཡིན་པས་འདུ་བྱེད་མེད་པ་གསུམ་པར་བཞེད་དོ། །ལམ་ངང་གིས་འབྱུང་བར་འདྲ་ཡང་སྐྱེས་ནས་དང་ཁྱད་པར་མེད་པར་མི་འགྱུར་ཏེ། སྐྱེས་ནས་མྱང་འདས་ནི་ལམ་ཆེས་ངང་གིས་འབྱུང་བ་དང་། རྒྱུ་བསགས་པའི་སྒོ་ནས་ལམ་ཆེས་ཆེ་བ་དང་། ལས་ཆེས་ཆེ་བ་ཉིད་ཀྱིས་ཟད་པར་བྱས་པས་ཕྲ་རྒྱས་ཆེས་ཆུང་བ་ཡིན་ལ། འདུ་བྱེད་མེད་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི་ཚངས་རིས་ལ་སོགས་པ་བསམ་གཏན་དང་པོའི་གནས་གཞན་དག་ཏུ་དགྲ་བཅོམ་མ་ཐོབ་པར་འོད་ཆུང་ལ་སོགས་པ་གོང་དུ་འཕོས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |