99846
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ས་ངོས་སུ་བགྲད་ནས་སྐྱེ་བ། པགས་པ་དམར་སྐྱ་སྲབ་པོས་བཏུམ་པ་ཕྲ་སྦོམ་ངེས་མེད་སྣ་ཚོགས་ཡོད་པ་དང༌། ལོ་མ་སྔོ་ལྗང་ནག་རྩུབ་རྒྱ་ཤུག་གི་ལོ་མ་ལྟར་ཁྲོ་ཞལ་གྱི་རྣམ་པ་ཅན་ལ་ཚེར་མ་ཡང་ཕྲན་ཙམ་ཡོད་པ། མེ་ཏོག་སྔོ་སྐྱ་མདངས་མེད་པ་ཆུང་ཆུང་ལོ་མའི་གསེབ་ནས་འཆར་བ། འབྲས་བུ་ལྗང་སེར་ཧྲིལ་བ་ཤུག་འབྲུ་འདྲ་བ་དེ་ལས་ཆུང་ཞིང་ཅུང་ཟད་འཇོང་བར་ཉ་ཁྲབ་ལྟ་བུའི་རི་མོ་གསལ་བ་སྤ་འབྲུམ་ཞེས་པ་དེ་ཡིན། བོད་ཀྱི་སྟོད་ཕྱོགས་ས་ཁུལ་གྱི་བསིལ་སའི་སྤང་དང༌། བྲག་སྲུབ། སྤང་བྲག་འདྲེས་ས་སོགས་སུ་རང་བཞིན་གྱིས་སྐྱེ་བ། འབྲས་བུ་བོད་ཟླ་བརྒྱད་པ་དགུ་པའིནང་བཏུས་ཏེ་བསིལ་གྲིབ་ཏུ་ཧམ་རུལ་མ་ཤོར་བར་སྐམ་ཐོག་ཁཎྜ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་མཁྲིས་པ་འགྲམས་པ་སྟེ་ཤ་པགས་ལ་བྱེར་བ་བསྡུ་བ་དང༌། པགས་པར་ཚ་བ་རྒྱས་པ་འཇོམས་ཤིང་གཞང་འབྲུམ་གྱི་ནད་ལ་ཕན་པ་ཡིན། |
| Domain | གསོ་རིག |