9985

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཟུགས་སུ་ཉིང་མཚམས་སྦྱར་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་ངེས་ཀྱི་འདོད་པའི་རྟེན་ཅན་གྱི་འཕགས་པའི་གང་ཟག་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག། གཟུགས་སུ་ཉིང་མཚམས་སྦྱོར་བ་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ། སྐྱེས་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། འདུ་བྱེད་མེད་པར་འདའ་བ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་དང་ལྔ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་

|; |@@@ | | }}

གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ (2)
Part of speech མིང་ཚིག
Definition ཤི་འཕོས་མ་ཐག་གཟུགས་ཀྱི་བར་སྲིད་དུ་ཉིང་མཚམས་སྦྱོར་བར་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དུ་དམིགས་པ། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དེ་འདྲའི་བར་འདའ་བ། སྐྱེས་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། གོང་འཕོ་བ་དང་ལྔ་ཡོད།

{{#arraymap:གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་

|; |@@@ | | }}