99880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་གཉེན་སྦྱར་བའི་ཚུལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་དགུའི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་ཡོད་པས། ཐེག་ཆེན་གྱི་སྒོམ་ལམ་དེ་ལ་ཡང་ལྡོག་པའི་སྒོ་ནས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཀྱང་རྫས་ཀྱི་སྒོ་ནས་རྣམ་པ་དགུར་འདུས་ཏེ། ས་གཉིས་པའི་བར་ཆད་མེད་ལམ་དེས་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས། སྲིད་རྩེའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོའི་བར་དགུ་ཅིག་ཆར་དུ་སྤོང་བ་ནས་ས་བཅུ་པའི་བར་ཆད་མེད་ལམ་དེས་འདོད་པའི་སྒོམ་སྤང་ཤེས་སྒྲིབ་ཆུང་ངུའི་ཆུང་ངུ་ནས། སྲིད་རྩེའི་སྒོམ་སྤང་ཤེས་སྒྲིབ་ཆུང་ངུའི་ཆུང་ངུའི་བར་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།