9990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འདོད་པ་ནས་གཟུགས་ཁམས་སུ་སྐྱེས་ནས་གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱ་ངན་ལས་འདའ་པར་བྱེད་པའི་འདོད་པའི་རྟེན་ཅན་གྱི་འཕགས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བའི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེ་ཙམ་ནས་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། འདུ་བྱེད་མེད་པར་འདའ་བ་དང་གསུམ་ཡོད་དེ། མཛོད་འགྲེལ་ལས། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་དང། མངོན་པར་འདུ་བྱེད་པ་དང། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། ཞེས་གསུངས། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ་གང་ཞིག གཟུགས་ཀྱི་སྐྱེ་སྲིད་གྲུབ་ཙམ་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་ཙམ་ནས་འདའ་བའི་འཇོག་བྱེད། དེ་གང་ཞིག འབད་རྩོལ་ཆེན་པོས་ལམ་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འདུ་བྱེད་དང་བཅས་ཏེ་འདའ་བའི་འཇོག་བྱེད། དེ་གང་ཞིག སྐྱེ་སྲིད་གྲུབ་ཙམ་ནས་མྱང་འདས་མངོན་དུ་མི་བྱེད་པར་འབད་རྩོལ་ཆེན་པོ་མེད་པར་ལམ་མངོན་དུ་བྱས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འདུ་བྱེད་མེད་པར་འདའ་བའི་འཇོག་བྱེད། ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ་ཡོད་ལ། དེ་ལྟར་ན་བསམ་གཏན་གྱི་སྤེལ་སྒོམ་ལྔ་ཐོབ་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ་ཡོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེས་འདའ་བ་

|; |@@@ | | }}