9991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྲིད་རྩེའི་མཐར་ཐུག་འགྲོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བ་ཡང་ཡིན། སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་བའི་རིགས་ཅན་ཡང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཉན་ཐོས་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྲིད་རྩེའི་མཐར་ཐུག་འགྲོ་བའི་མཚན་ཉིད་ཡིན་ནོ། འདིར་ཚངས་ཆེན་མ་གཏོགས་གཟུགས་ཀྱི་སོ་སྐྱེའི་གནས་རྣམས་སུ་རིམ་གྱིས་ཕྱིན་ནས་བསམ་གཏན་སྤེལ་བསྒོམ་བྱས་པའི་སྟོབས་ཀྱིས་གནས་གཙང་དུ་མི་སྐྱེ་བར་གཟུགས་མེད་བཞི་རིམ་གྱིས་ཕྱིན་ནས་མཐར་སྲིས་རྩེའི་རྟེན་ལ་མྱ་ངན་ལས་འདའ་བའི་རིགས་ཅན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྲིད་རྩེའི་མཐར་ཐུག་འགྲོ་

|; |@@@ | | }}