99939
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཁམས་གསུམ་གྱི་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་བ་ནས། ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤོང་མཁན་གྱི་རྒྱུན་ཞུགས་དང་དགྲ་བཅོམ་ཞུགས་འབྲས་གང་རུང་ལ་གནས་པའི་གང་ཟག་ཅིག་སྟེ། དེ་མངོན་པ་གོང་མར་མ་ཟད་ལུགས་འདིར་ཡང་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། རང་རེའི་མཁས་གྲུབ་ཆེན་པོས་དགེ་འདུན་ཉི་ཤུའི་སྤྱི་དོན་དུ། ཁ་ཅིག་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་མངོན་པ་གོང་མ་བ་ཁོ་ནའི་ལུགས་ཡིན་གྱི་འོག་མ་བ་ལ་མ་གྲགས་ཟེར་ན་མི་འཐད་དེ། མཛོད་ལས། ཉེར་བསྡོགས་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་པའི་གཞུང་གིས་གྲུབ་པའི་ཕྱིར་ཏེ། ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་ཁམས་གསུམ་པོ་ཐམས་ཅད་ལ་ཆགས་བྲལ་བྱེད་པ་དང་བྱས་པ་བར་པ་གཉིས་ལ་མེད་པའི་ཕྱིར། ཞེས་གསུངས་པ་ནི་ངེས་པར་དོན་ལ་གནས་ཏེ། ཇི་ལྟར་ཞེ་ན། གསུང་འདིས་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་ཁམས་གསུམ་པོ་ཐམས་ཅད་ལ་ཅིག་ཅར་ཆགས་བྲལ་བྱེད་པར་འགྱུར་བ་དང་ཅིག་ཅར་ཆགས་བྲལ་བྱས་ཟིན་པ་འབྲས་གནས་པར་པ་གཉིས་ལ་མེད་པར་དངོས་སུ་བསྟན་ནས། དེ་ལྟར་ཆགས་བྲལ་བྱེད་པར་བརྩོན་བཞིན་པའི་ཅིག་ཅར་བའི་རྒྱུན་ཞུགས་དང༌། བྱས་ཟིན་པའི་ཅིག་ཅར་བའི་དགྲ་བཅོམ་ཡོད་པར་ཤུགས་ལ་བསྟན་པར་དྲངས་མ་ཐག་པའི་མཛོད་རྩ་བའི་ལུང་གིས་སྒྲུབ་པར་མཛད་པའི་ཕྱིར། དེ་ལྟ་མ་ཡིན་པར། གསུང་འདིས་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་འདོད་ཉོན་སྤོང་ཕྱིར་དུ་བརྩོན་བཞིན་པའི་ཕྱིར་འོང་དང༌། གོང་མ་གཉིས་ཀྱི་ཉོན་མོངས་སྤོང་ཕྱི་དུ་བརྩོན་བཞིན་པའི་ཕྱི་མོ་འོང་མེད་པར་བསྟན་པ་ཙམ་ཡིན་ན། དེ་གཉིས་ཡོད་བཞིན་དུ་མེད་པར་བསྟན་པ་ཅིག་ཅར་བ་ཡོད་པའི་སྒྲུབ་བྱེད་ལྟ་ཞོག་མཁས་པའི་གསུང་དུ་མི་རུང་བའི་ཕྱིར་རོ། །དེ་ཡང་ཡིན་ཏེ། དེ་འདྲའི་འབྲས་གནས་བར་པ་གཉིས་སོ་སོ་ནས་ཡོད་པ་གནས་ལྔ་པར། མི་ལྕོགས་མེད་འབྲས་ཐམས་ཅད་དོ། །ཞེས་པས་ཉེར་བསྡོགས་མི་ལྕོགས་མེད་ཀྱི་འབྲས་བུ་ལ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ག་ཡོད་པར་གསུངས་པས་ཤེས་པའི་ཕྱིར། གཞན་ཡང་མང་ངོ་། །ཞེས་གསུངས། |
| Domain | ཆོས་ལུགས། |