99942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྒྱུན་ཞུགས་ཀྱང་ཡིན། ཅི་ཡང་མེད་མན་ཆད་ལ་འདུན་པའི་ཉོན་མོངས་དང། སྲིད་རྩེའི་ཉོན་མོངས་ཅིག་ཅར་དུ་སྤོང་བས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་མཚན་ཉིད་ཡིན། དེ་ཡང་དུས་ནམ་གྱི་ཚེ་སྤོང་བ་ནི། མཐོང་ལམ་ཐོབ་ནས་ཁམས་གསུམ་གྱི་ཉོན་མོངས་རྣམས་ཅིག་ཅར་དུ་སྤོང་བ་ཡིན་གྱི། དེའི་སྔ་རོལ་དུ་སྤོང་བ་ནི་མིན་ཏེ། སོ་སྐྱེའི་ལམ་གྱིས་སྲིད་རྩེའི་ཉོན་མོངས་དངོས་སུ་སྤོང་མི་ནུས་པའི་ཕྱིར། སྤང་བྱ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་སྤོང་བ་ཡིན་ཏེ། དེ་ལ་བརྟེན་ནས་ཁམས་གསུམ་གྱི་ཉོན་མོངས་སྤང་བར་ནུས་པའི་ཕྱིར་དང། ཉན་ཐོས་ཀྱི་རྒྱུད་ཀྱི་བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་འདོད་པ་ལ་འདུན་པའི་ཉོན་མོངས་ཀྱི་དངོས་གཉེན་དུ་མི་རུང་བའི་ཕྱིར། ས་གང་ལ་བརྟེན་ནས་སྤོང་བ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་སྤོང་བ་ཡིན་གྱི། འཇིག་རྟེན་པའི་ལམ་གྱི་སྤོང་བ་མིན་ཏེ། དེས་སྲིས་རྩེའི་ཉོན་མོངས་དངོས་སུ་སྤོང་མི་ནུས་པའི་ཕྱིར་རོ། ལམ་གང་ལ་བརྟེན་ནས་སྤོང་བ་ནི། ཅི་ཡང་མེད་མན་ཆད་ས་བརྒྱད་ལ་འདུན་པའི་ཉོན་མོངས་ཆེན་པོའི་ཆེན་པོ་ནས། སྲིད་རྩེའི་ཉོན་མོངས་ཆེན་པོའི་ཆེན་པོ་སྟེ་དགུ་ཅིག་ཅར་སྤོང་བ་དང། ཅི་ཡང་མེད་མན་ཆད་ལ་འདུན་པའི་ཉོན་མོངས་ཆུང་ངུའི་ཆུང་ངུ་བརྒྱད་དང། སྲིད་རྩེའི་ཉོན་མོངས་ཆུང་ངུའི་ཆུང་ངུ་སྟེ་དགུ་ཅིག་ཅར་དུ་སྤོང་བའི་ཚུལ་གྱིས་སྤོང་བ་ཡིན་ནོ། །ས་མཚམས་ནི། ཉན་ཐོས་ཀྱི་མཐོང་ལམ་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་ནས་སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་བར་ན་ཡོད་དོ། །
Domain ཆོས་ལུགས།