99947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་བྱ་མིན་པའི་ལས་ཀྱི་འབྲས་བུ་ (1)
Part of speech མིང་ཚིག
Definition སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་རྣམས་ཏེ། སྤང་བྱ་མིན་པའི་ལས་ཀྱི་འབྲས་བུ་མཐོང་བས་སྤོང་བར་བྱ་བ་ནི་འབྲས་བུ་ལྔ་ལས་གཅིག་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །སྤང་བར་བྱ་མ་ཡིན་པ་ནི་བཞི་སྟེ། རྒྱུ་མཐུན་གྱི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །
Domain ཆོས་ལུགས།