99949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དགྲ་བཅོམ་ཞུགས་པ་ཡང་ཡིན། ཅི་ཡང་མེད་མན་ཆད་ལ་འདུན་པའི་ཉོན་མོངས་དང། སྲིད་རྩེའི་ཉོན་མོངས་རིམ་ཅན་དུ་སྤོང་བའི་རིགས་ཅན་ཡང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཉན་ཐོས་དེ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་མཚན་ཉིད་ཡིན། འདི་དང་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གཉིས་དོན་ཅིག། ས་མཚམས་ནི། ཕྱིར་མི་འོང་གི་རྟོགས་པ་ཐོབ་རྗེས་སུ་བསམ་གཏན་དང་པོ་ལ་འདུན་པའི་ཉོན་མོངས་དང་པོ་སྤོང་བའི་ལམ་ལ་གནས་པ་ནས་སྲིད་ཉོན་དགུ་པ་སྤོང་བའི་ལམ་ལ་གནས་པའི་བར་ན་ཡོད་དོ། །
Domain ཆོས་ལུགས།