From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རྒྱུན་ཞུགས་དབང་རྡུལ་གང་ཞིག། འདོད་ཉོན་སྤངས་པའི་རྗེས་སུ་གོང་མའི་ཉོན་མོངས་སྤོང་གྱུར་གྱི་རིགས་ཅན་ནོ། །རིགས་ཅན་སྨོས་པ་ལ་དགོས་པ་ཡོད་དེ། རང་ལམ་ནས་ལོག་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་ཏེ་འདོད་ཉོན་སྤོང་བར་འགྱུར་བའི་སྤང་བྱ་རིམ་གྱིས་པའི་རྒྱུན་པའི་རྒྱུན་ཞུགས་རྣམས་ཀྱང་བསྡུ་པའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་ལྟ་བུའི་རྒྱུན་ཞུགས་ཡོད་པའི་ཕྱིར། ཁྱབ་སྟེ། ཐེག་ཆེན་ལམ་དུ་ཁམས་གསུམ་གྱི་ཉོན་མོངས་ཅིག་ཅར་དུ་སྤོང་བའི་ཕྱིར་རོ། །
|
| Domain
|
ཆོས་ལུགས།
|
སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུན་ཞུགས་འབྲས་གནས་ཀྱང་ཡིན། ཅི་ཡང་མེད་མན་ཆད་ལ་འདུན་པའི་ཉོན་མོངས་དང། སྲིད་རྩེའི་ཉོན་མོངས་རིམ་ཅན་དུ་སྤོང་བས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་པ་དང། ཁྱད་པར་ཅན་གཉིས་ཡོད། ཕྱི་མ་འདི་དང་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་དོན་ཅིག ས་མཚམས་ནི། ཉན་ཐོས་ཀྱི་མཐོང་ལམ་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་ནས། འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་དངོས་སུ་སྤོང་བའི་ལམ་ལ་གནས་པའི་བར་ན་ཡོད་དོ། །
|
སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ (3)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། རྒྱུན་ཞུགས་འབྲས་གནས་ཀྱང་ཡིན། ཅི་ཡང་མེད་མན་ཆད་ལ་འདུན་པའི་ཉོན་མོངས་དང་སྲིད་རྩེའི་ཉོན་མོངས་རིམ་ཅན་དུ་སྤངས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད། དབྱེ་ན། ཙམ་པོ་པ་དང་། དེ་ཁྱད་པར་ཅན་གཉིས།
|