99961
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་གསུམ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རང་ཕྱིར་འདོད་ཡོན་བླངས་མི་བྱ། །གཞན་སྒྲིབ་སྦྱང་ནས་(ན་)བཞིན་མི་ཟློག ། སྤངས་བླངས་མེད་པའི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེའི་ཚིག་དོན་ནི། སྤྲུལ་པའི་སྐུ་དེ་ཉིད་རང་དོན་དུ་བོན་སྐུ་གཉིས་མེད་མཉམ་པ་ཆེན་པོ་རྟོགས་པ་མཐར་ཐུག་པས། རང་ལ་ལོངས་སྤྱོད་ཀྱི་ཕྱིར་དུ་གཟུགས་སྒྲ་སོགས་འདོད་ཡོན་རྣམས་ལ་ཆགས་ཞེན་གྱིས་བླང་དུ་མེད་ལ། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་མངོན་དུ་ཐོབ་ཅིང་ཕྲིན་ལས་ལྷུན་གྱིས་གྲུབ་པས། འགྲོ་བའི་དོན་མཛད་པ་ལ་ངལ་བ་དང་ཁྲོ་བའི་བཞིན་ཟློག་པ་སོགས་ཅི་ཡང་མི་མངའ་བར་གཞན་དོན་ཕྱོགས་མེད་དུ་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |