99968
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་རིལ་ཞིང་གཉེར་མ་ཡོད་པའི་སྨན་ཆ་ནས་རྩ་ཕྲན་གཉིས་གསུམ་གྱེས་ཤིང༌། སྡོང་པོ་ཕྲ་ལ་གྲུ་བཞིའི་རྣམ་པ་ཅན་མདོག་ལྗང་དཀར་སྤུ་དཀར་འཇམ་པོ་ཡོད་པ་གསུམ་བཞི་རྩམ་ཙམ་མཉམ་དུ་སྐྱེ་བ་དང༌། ལོ་མ་ལྗང་སྐྱ་ཅུང་ཆེ་ལ་སྙིང་དབྱིབས་ཅན་རྩེ་རྣོ་བ་མཐར་ཉག་ཞིབ་མང་ལ་སྤུ་དཀར་འཇམ་པོ་སྲིན་བལ་འདྲ་བས་ཁྱབ་ལ་རྩ་རིས་སྨུག་པོ་དྲ་བ་ལྟར་གྱེས་ཤིང༌། ལོ་མ་རྣམས་སྡོང་པོའི་སྟེང་རེས་མོས་སམ་བརྩེགས་པ་ལྟར་སྐྱེས་ཡོད། མེ་ཏོག་དཀར་ལ་དམར་མདངས་རྒྱས་པ་ཟེའུ་འབྲུ་བྱིའུའི་མིག་འདྲ་བ་ལོ་སྡོང་གི་མཚམས་དང་སྡོང་པོའི་རྩེར་གསུམ་བཞི་ཙམ་འཆར་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཁ་བྱང་བལྟས་ཀྱི་རི་མཐོའི་རྫ་ཞིབ་ཡོད་སར་སྐྱེ་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གློ་བར་རྣག་བསགས་པ་དང༌། གློ་ཚད་རྒྱས་པ། རྨ་ལ་ཚ་བ་རྒྱག་པ། རྩ་ཕྲན་ཆད་པ་སོགས་ལ་ཕན་པ་ཡིན། |