99972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་རམ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དམར་སྐྱ་ཆེ་ཆུང་མཐེ་བོང་ཙམ་ལ་རྩ་ཕྲན་སེར་ནག་མང་པོ་ཡོད་པ་དང༌། སྡོང་པོ་ལྗང་དམར་ཕྲ་ལ་ཐུང་ཞིང་འདྲོང་བར་ཡལ་ག་མེད་པ། ལོ་མ་སྔོ་ལྗང་པྲ་ལ་མཐའ་མཉམ་ཞིང་རྩེ་རྣོ་བའི་སྨད་ཅུང་ཟད་ཞེང་ཆེ་བ་ངར་པ་ཐུང་བ། སྡོང་པོར་སྐྱེ་བའི་ལོ་མ་གཞི་རྩའི་ལོ་མ་ལས་ཆུང་ཞིང་ངར་པ་མེད་པ་སྡོང་པོ་བཏུམ་ནས་སྐྱེས་ཡོད། མེ་ཏོག་ཟིང་དམར་སྡོང་པོའི་རྩེར་ཚོམ་བུར་འཆར་བ། རྒས་ནས་དཀར་པ་སོབ་སོབ་ཏུ་གྱུར་པ། འབྲས་བུ་སེར་ཞིབ་འོད་དང་ལྡན་པ་ཟུར་གསུམ་གྱི་རྣམ་པ་ཅན་འདོགས་པ་ཡིན། སྤྱིར་ན་རམ་བུ་དང་སྤང་རམ་གཉིས་སྐྱེ་གནས་དང་ཆེ་ཆུང་ཙམ་མ་གཏོགས་གཞན་སྐྱེ་ཚུལ་སོགས་མཚུངས་པས་རྒྱུན་དུ་སྤང་རམ་ཞེས་བརྗོད་པ་སྟེ། བོད་སོགས་ཀྱི་རི་མཐོའི་སྤང་སྟེང་ཁོ་ནར་སྐྱེ་བ། རྩ་བ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱིའི་པགས་པ་དང་ཨ་ར་འདྲ་བའི་རྩ་ཕྲན་མེད་པ་བཟོས་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བས་གྲང་བས་འཁྲུ་བ་རྣམས་གཅོད་པར་བྱེད་པ་ཡིན།