99974
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབྱི་ཤོད་རི་བོ་ཆེ་རྙིང་མ་གྲྭ་ཚང་གི་དགོན་ལག་ཏུ་གཏོགས་པ་སྤང་རུ་རི་ཁྲོད་ནི་རབ་བྱུང་༡༢པའི་ནང་གནམ་ཆོས་མི་འགྱུར་རྡོ་རྗེའི་སྤྲུལ་སྐུ་ཁྱབ་བདག་ཀརྨ་ཉི་མའམ་པདྨ་མཐས་སྤང་རུ་རི་ཁྲོད་བཏབ། འཇའ་ཚོན་དཀོན་མཆོག་སྤྱི་འདུས་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སོགས་ཀྱི་སྒྲུབ་མཆོད་དང་ཚེས་༡༠སོགས་རྒྱུན་ཆགས་སུ་བཙུགས། སླར་ཆོས་སྒོ་ཕྱེས་པ་དང་བསྟུན་ད་ལྟ་མང་ཚོགས་ཐུན་མོང་གིས་འདུ་ཁང་གསར་བཞེངས་ཐོག་རཏྣ་གླིང་པའི་ཕུར་པའི་སྒྲུབ་ཆེན་དང་བདེ་ཆེན་ཞིང་སྒྲུབ་དང་ཚེས་༡༠སོགས་འཚོགས་བཞིན་ཡོད། |