99994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཉེས་པ་དེ་ཕྱིར་བཅོས་པ་ལ་སྤང་བྲལ་སྔོན་དུ་འགྲོ་དགོས་པས་ན་སྤང་ལྟུང་ཟེར། ཞག་གི་ཆད་ལས་དང་འབྲེལ་བའི་སྤང་ལྟུང་དེ་ལ་གཉིས་ཡོད་དེ། ཐུན་མོང་དང་། ཐུན་མོང་མིན་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ལ་ཡང་གཉིས་སུ་ཡོད་དེ། དགོས་དོན་དང་བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལུང་དུ་ལྟུང་བ་སོ་སོར་གསུངས་པ་རྣམས་འདིར་བསྡུས་ཏེ་བསྟན་པས་ཚེགས་ཆུང་བ་དང་། མཚན་ཉིད་མཚུངས་པ་རྣམས་ལ་རུང་མཐུན་གོ་བར་བྱ་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། དུས་དང་འབྲེལ་བའི་ཐུན་མོང་བ། བདག་པོ་དང་འབྲེལ་བའི་ཐུན་མོང་བ། ཤན་དང་འབྲེལ་བའི་ཐུན་མོང་བ། ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་བ། སྤང་པ་དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པ་ལ་སྤང་ལྟུང་སུམ་ཅུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
སྤང་ལྟུང་ (2)
Part of speech མིང་ཚིག
Definition དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག དེའི་མིང་གིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའོ། །དབྱེ་ན། ཐུན་མོང་བ་བཅུ་དགུ དགེ་སློང་མ་ལ་ཐུན་མོང་མ་ཡིན་པ་བཅུ་བཞིའོ། །པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །