7079

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟས་ལེན་པའི་ཚུལ་བརྒྱད།
Tibetan Alternate ཟས་ལེན་པའི་ཚུལ་བརྒྱད།
Tibetan Definition ཉེས་བྱས་ཀྱི་སྡེ་ཚན་བཞི་པ། ཟས་ལེན་པའི་སྡེ་ལ། ཟས་ལྷུང་བཟེད་ཀྱི་ཁ་ལས་མཐོ་བར་ལེན་པ་དང་། འབྲས་ཆན་དང་ཚོད་མ་མཉམ་པར་ལེན་པ། གྲལ་རིམ་མཐར་ཆགས་སུ་མི་ལེན་པ། ལྷུང་བཟེད་ལ་ཟུར་མིག་བལྟས་ཏེ་ལེན་པ། ཟས་མ་བྱུང་གོང་ནས་ལྷུང་བཟེད་བཟེད་སྔ་བ། ཚོད་མ་འདོད་ནས་འབྲས་ཆན་གྱིས་ཚོད་མ་འགེབས་པ། འབྲས་ཆན་འདོད་ནས་ཚོད་མས་འབྲས་ཆན་འགེབས་པ། བཟའ་བཅའི་སྟེང་དུ་སྣོད་གཞན་བཟེད་པ་སྟེ་བརྒྱད་དོ། །
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese 八受食聚
Chinese (Simplified)
Chinese (Traditional)
Chinese Definition 八受食聚。惡作罪第四類,有八條:過滿缽受、菜飯相等受、未次第受、未用意觀缽而受、食未至即伸缽、為欲多得故以飯覆羹、或以羹覆飯、于食上伸缽。
Page Number 1411.3