10017
Jump to navigation
Jump to search
Tibetan | སྲོང་བཙན་སྒམ་པོའི་མཛད་པ་བཅུ་གཅིག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མཁས་པ་ལྡེའུས་མཛད་པའི་རྒྱུ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས་བྱུང་བ་སྟེ།
1. རྒྱལ་པོ་འདིའི་སྐུ་ཚེ་སྟོད་ལ་བོད་རུ་བཞི་རུ་ཕྱེ། 2. སུམ་པའི་རུ་སྣ་ལག་སྡེར་བཅད།། 3. བསྐོས་པའི་རྒྱལ་པོ་སྡེ་བཞི་མངའ་འོག་ཏུ་བསྡུས། 4. སོ་ཁ་རྒྱ་ཡུལ་དུ་བཙས། 5. རྒྱལ་ཕྲན་བཅུ་གཉིས་བྲན་དང་འབངས་སུ་བཅས། 6. ཡབ་འབངས་རུ་དྲུག་ནི་རྗེའི་སྐུ་འཚོ། 7. ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་འཛིན། 8. དཔའ་སྡེ་ལྡོང་སྟོང་གིས་མཐའི་རྒྱུ་དྲུག་འདུལ། 9. ཁབ་སྟོང་སྡེ་སུམ་བརྒྱ་དྲུག་ཅུས་དམག་དང་མུ་བྱེད། 10. ཆ་མི་ཁྱིམ་བརྒྱ་ཡིས་ཞིང་རྨོད་ཐ་རྒོད་འདུལ། 11. མཁན་དགུ་དང་། རྫི་བདུན་དང་། ཚོང་པ་མི་བདུན་དང་། གཡུང་པོ་མི་ཕྱེད་དང་བརྒྱད་ཀྱིས་ཉིང་འབངས་དང་སུམ་འབངས་བྱས་ནས་རྗེའི་ཐུགས་དམ་སྐོང་སྐད་བཅས་སོ། ། |
Tibetan Source | 《ལྡེའུ་ཆོས་འབྱུང་》དེབ་ཤ་255.21ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |