10026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཀུན་ཏུ་ཟུང་ལྡན་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། ཚིགས་བཅད་རྐང་པ་ལན་གཉིས་སུ། ། བཟླས་པ་ཀུན་ཏུ་ཟུང་ལྡན་ནོ། ། ཞེས་སོ། ། དེའི་དབྱེ་བ་བཅུ་གཉིས་ལས། དང་པོ་ལན་གཅིག་བཟླས་པའི་ཀུན་ཏུ་ཟུང་ལྡན་དྲུག་ལས།

1. ཚིགས་བཅད་ཀྱི་ཚིག་རྐང་དང་པོ་གསུམ་པ་དང་། གཉིས་པ་བཞི་པར་བཟླས་པ། 2. དང་པོ་དང་གཉིས་པ་དང་། གསུམ་པ་བཞི་པར་བཟླས་པ།། 3. ཚིག་རྐང་དང་པོ་བཞི་པར་བཟླས་པ། 4. ཚིག་རྐང་གཉིས་པ་གསུམ་པར་བཟླས་པ། 5. ཚིག་རྐང་གཉིས་པ་བཞི་པར་བཟླས་པ། 6. ཚིག་རྐང་གསུམ་པ་བཞི་པར་བཟླས་པ་དང་དྲུག་གོ ། གཉིས་པ་ལན་གཉིས་བཟླས་པའི་ཀུན་ཏུ་ཟུང་ལྡན་གསུམ་ལས། 1. རྐང་པ་དང་པོ་གཉིས་པ་དང་གསུམ་པ་བཞི་པར་ཡང་བཟླས་པ། 2. ཚིག་རྐང་དང་པོ་ཉིད་གསུམ་པར་ཡང་བཟླས་པ། 3. ཚིག་རྐང་གཉིས་པ་ཉིད་གསུམ་པ་དང་བཞི་པར་ཡང་བཟློས་པ་དང་གསུམ་མོ། ། གསུམ་པ། ། 1. ཚིགས་བཅད་དང་པོ་ཉིད་ལན་གསུམ་དུ་བཟླས་པ། 2. ཚིགས་བཅད་གཅིག་ལན་གཉིས་སུ་བཟླས་པ། 3. ཚིགས་བཅད་གཅིག་གི་ནང་དུ་ཚིག་རྐང་འདྲ་བ་ལན་བརྒྱུད་དུ་བཟླས་པའི་འི་ཟུང་ལྡན་ཆེན་པོ་དང་བཅུ་གཉིས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་489.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number