10027
Tibetan | ཀུན་བརྟགས་པའི་རང་བཞིན་གྱི་དབྱེ་བའི་མཚན་ཉིད་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ།
1. བརྗོད་པའི་རྣམ་པར་རྟོག་པ་གང་ཞེ་ན། དབྱངས་དང་། གླུ་སྙན་པ་སྣ་ཚོགས་ལ་མངོན་པར་ཞེན་པ་དེ་ཡིན་ནོ། ། 2. སྨྲ་བར་བྱ་བའི་རྣམ་པར་རྟོག་པ་གང་ཞེ་ན། གང་ཅིའང་རུང་བ་སྨྲ་བར་བྱ་བའི་དངོས་པོའི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དེ་ལ་གནས་ནས་བརྗོད་པའི་རྣམ་པ་འབྱུང་བ་དེའོ། ། 3. མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་ཞེ་ན། སྨྲ་བར་བྱ་བའི་དངོས་པོ་དེ་དག་ཉིད་སྨིག་རྒྱུ་ལྟ་བུ་ལ་མཚན་ཉིད་སྣ་ཚོགས་སུ་མངོན་པར་ཞེན་པས་མངོན་པར་ཞེན་ཏེ། སྲ་བ་དང་། གཤེར་བ་དང་། ཚ་བ་དང་། གཡོ་བའི་མཚན་ཉིད་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པ་དེའོ། ། 4. ནོར་གྱི་རྣམ་པར་རྟོག་པ་གང་ཞེ་ན། གསེར་དང་། དངུལ་དང་། ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་མངོན་པར་ཆགས་པ་དེའོ། ། 5. རང་བཞིན་གྱི་རྣམ་པར་རྟོག་པ་གང་ཞེ་ན། དངོས་པོའི་ངོ་ བོ་ཉིད་དུ་འཛིན་ཅིང་འདི་ནི་འདི་བཞིན་གྱི། གཞན་དུ་མ་ཡིན་ནོ་ཞེས་ལོག་པར་ལྟ་བའི་རྣམ་པར་རྟོག་པ་དང་ཐ་མི་དད་པ་དེའོ། ། 6. རྒྱུའི་རྣམ་པར་རྟོག་པ་གང་ཞེ་ན། རྒྱུ་དང་རྐྱེན་གང་གིས་ཡོད་པ་དང་མེད་པའི་རྣམ་པར་རྟོག་པའི་རྒྱུའི་མཚན་ཉིད་སྐྱེད་པ་དེའོ། ། 7. ལྟ་བའི་རྣམ་པར་རྟོག་པ་གང་ཞེ་ན། ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ལོག་པར་ལྟ་བའི་མུ་སྟེགས་ཅན་གྱི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དེའོ། ། 8. རིགས་པའི་རྣམ་པར་རྟོག་པ་གང་ཞེ་ན། བདག་དང་བདག་གི་མཚན་ཉིད་རིགས་པས་བཙད་དེ་སྨྲ་བ་དེའོ། ། 9. སྐྱེ་བར་རྣམ་པར་རྟོག་པ་གང་ཞེ་ན། རྐྱེན་རྣམས་ཀྱིས་ཡོད་པ་དང་། མེད་པའི་དངོས་པོ་སྐྱེ་བར་མངོན་པར་ཞེན་པ་དེའོ། ། 10. མི་སྐྱེ་བར་རྣམ་པར་རྟོག་པ་གང་ཞེ་ན། དངོས་པོ་ཐམས་ཅད་ནི་སྔ་ནས་སྐྱེ་བ་མེད་དེ། ས་བོན་མེད་པ་ལ་རྒྱུ་དང་རྐྱེན་གྱིས་རྒྱུ་མེད་པའི་ལུས་བསྐྱེད་པའོ་ཞེས་འཛིན་པ་དེའོ། ། 11. འབྲེལ་པའི་རྣམ་པར་རྟོག་པ་གང་ཞེ་ན། གསེར་དང་། སྐུད་པ་ཇི་ལྟ་བ་བཞིན་དུ་དེ་དང་ལྷན་ཅིག་པའི་མཚན་ཉིད་དུ་འབྲེལ་པ་དེའོ། ། 12. བཅིངས་པ་དང་། མ་བཅིངས་པའི་རྣམ་པར་རྟོག་པ་གང་ཞེ་ན། འཆིང་བའི་རྒྱ་དང་། བཅིང་བར་བྱ་བ་ལ་མངོན་པར་ཞེན་པ་སྟེ། ཇི་ལྟར་སྐྱེས་བུ་ཐམས་ཅད་དང་ལྡན་པས་ལག་པ་ལ་མདུད་པ་འདོར་བ་དང་འགྲོལ་བ་ལྟ་བུ་ནི་བཅིངས་པ་དང་། མ་བཅིངས་པའི་རྣམ་པར་རྟོག་པ་ཞེས་བྱའོ། ། ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་གྱི་མཚན་ཉིད་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཡོད་པ་དང་མེད་པར་མངོན་པར་ཞེན་ཏོ། ། གཞན་གྱི་དབང་ལ་མངོན་པར་ཞེན་པས་མངོན་པར་ཞེན་པར་གྱུར་པ་དག་ཡོངས་སུ་བརྟགས་པའི་རང་བཞིན་སྣ་ཚོགས་ལ་མངོན་པར་ཞེན་པས་སྒྱུ་མ་བཞིན་དུ་ལུས་སྣ་ཚོགས་སྟོན་པ་ལ་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པས་སྒྱུ་མ་ལས་གཞན་དུ་རྣམ་པ་སྣ་ཚོགས་སུ་མཐོང་སྟེ། སྒྱུ་མ་དང་སྣ་ཚོགས་ནི་ཐ་དད་པའང་མ་ཡིན། ཐ་མི་དད་པའང་མ་ཡིན་ནོ། ། གལ་ཏེ་ཐ་དད་ན་ནི་སྒྱུ་མ་ནི་སྣ་ཚོགས་ཀྱི་རྒྱུ་མ་ཡིན་པར་འགྱུར་རོ། ། ཅི་སྟེ་ཐ་མི་དད་ན་ནི་སྒྱུ་མ་དང་སྣ་ཚོགས་བྱེ་བྲག་མེད་པར་འགྱུར་ཏེ། དེའི་བྱེ་བྲག་མཐོང་བས་ན་དེའི་ཕྱིར་གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་གཞན་གྱི་དབང་དང་། ཀུན་བརྟགས་པའི་རང་བཞིན་ལ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་དང་། ཡོད་པ་དང་མེད་པར་མངོན་པར་ཞེན་པར་མི་བྱའོ། ། |
Tibetan Source | 《མདོ་ཅ་པ་》ཤ་381ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |