10033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱེ་མཆེད་བཅུ་གཉིས།
Tibetan Alternate
Tibetan Definition ཁག་ལྔ་པ།

དང་པོ། ནང་གི་སྐྱེ་མཆེད་དྲུག་ནི། 1. མིག་གི་དབང་པོ་ནི། ཟར་མིའི་མེ་ཏོག་ལྟ་བུ། 2. རྣ་བའི་དབང་པོ་ནི། གྲོ་ག་གཅུས་པ་ལྟ་བུ། 3. སྣའི་དབང་པོ་ནི། མོ་ཁབ་ཉིས་གཤིབས་ལྟ་བུ། 4. ལྕེའི་དབང་པོ་ནི། ཚེས་གསུམ་གྱི་ཟླ་བ་ཚེས་པ་ལྟ་བུ། རྩ་བ་རྩེ་མོ་གཉིས་རྟ་རྔ་ཙམ་གྱིས་མ་རེག་པ་དང་། རེག་ན་ཟས་ཀྱི་རོ་ལེགས་ཉེས་མི་ཤེས་པ་ཡི་ག་འཆུས་པའི་ནང་དུ་འགྱར། 5. ལུས་ཀྱི་དབང་པོ་ནི། བྱ་རིན་རྣ་འཇམ་གྱི་ཤུན་པ་ལྟ་བུ་འདི་ཡི་ཆ་ཤས་སུ་གྱུར་པའི་ཕོ་དབང་མཐེ་བོང་ལྟ་བུ། མོ་དབང་རྔ་སྦུག་ལྟ་བུའོ། ། 6. ཡིད་ཀྱི་དབང་པོ་ནི། གཟུགས་སུ་གྲུབ་པ་མེད་པས་དྲུག་པ་ཡིད་དང་དོན་གཅིག་ཅེས་གསུངས་སོ། ། གཉིས་པ། ཕྱི་ཡི་སྐྱེ་མཆེད་དྲུག་ནི། 1. གཟུགས་ཀྱི་སྐྱེ་མཆེད་ལ་མིག་ཤེས་ཀྱིས་འཛིན་པར་བྱ་བའི་ཁ་དོག་དང་ དབྱིབས་གཉིས་མ་གཏོགས་གཟུགས་གཞན་རྣམས་མི་འཇོག 2. སྒྲ་ཡི་སྐྱེ་མཆེད་ལ་ནང་གསེས་རྣམ་པ་བརྒྱད། 3. དྲིའི་སྐྱེ་མཆེད་ལ་གསུམ། 4. རོའི་སྐྱེ་མཆེད་ལ་དྲུག 5. རིག་བྱའི་སྐྱེ་མཆེད་ལ་བཅུ་གཅིག 6. ཆོས་ཀྱི་སྐྱེ་མཆེད་ནི། སེམས་བྱུང་ཐམས་ཅད་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུའོ། ། གོང་གསལ་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ནང་གསེས་ཞིབ་ཆ་གྲངས་འདྲེན་སྡེ་ཚན་སོ་སོར་ཞིབ་པར་བཀོད་ཡོད་པར་གཟིགས། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་447ཕྲེང་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number