10043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གློ་བུར་བའི་གནས་ཞེས་བྱ་བའི་འགྲེས་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་དབྱར་གནས་པའི་སྐབས་ཏེ།

1. དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བའོ། ། 2. དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་འཐབ་ཀྲོལ་ལ་སོགས་པ་དང་ལྡན་པར་འགྲོ་བ་མི་བྱ་བའོ། ། 3. དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བའོ།་། 4. དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པ་གནས་མ་ཡིན་པ་འཐབ་ཀྲོལ་བྱེད་པ་ལ་སོགས་པར་ལྡན་པར་འགྲོ་བར་མི་བྱ་བའོ། ། 5. དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པ་གནས་མ་ཡིན་པ་ནས་དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པ་གནས་མ་ཡིན་པ་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བའོ། ། 6. དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་ནས་དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་འཐབ་ཀྲོལ་བྱེད་པ་ལ་སོགས་པ་དང་ལྡན་པར་འགྲོ་བར་མི་བྱ་བའོ། ། 7. དགེ་སློང་དང་བཅས་པའི་འ་གནས་དང་། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་དང་། དགེ་སློང་བཅས་པ་གནས་དང་གནས་མ་ཡིན་པ་ནས་དགེ་སློང་མེད་པའི་གནས་སུ་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བའོ། ། 8. དགེ་སློང་དང་བཅས་པ་མ་ཡིན་པ་དང་། དགེ་སློང་དང་བཅས་པ་གནས་དང་གཱནས་མ་ཡིན་པ་ནས་དགེ་སློང་མེད་པའི་གནས་སུ་གནོད་པ་བྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བ་ནི་འགྱེས་བརྒྱད་པའོ། ། 9. དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང་། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང་། དགེ་སློང་མེད་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བའོ། ། 10. དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང་། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང་། དགེ་སློང་མེད་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་གནོད་པ་བྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བའོ། ། 11. དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་དང་། དགེ་སློང་དང་བཅས་པ་པ་གནས་དང་གནས་མ་ཡིན་པ་དང་།: དགེ་སློང་མེད་པའི་གནས་དང་དགེ་སློང་མེད་པ་གནས་མ་ཡིན་པ་ནས་དགེ་སློང་མེད་པ་གནས་དང་གནས་མ་ཡིན་པར་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བའོ། ། 12. དགེ་སློང་དང་བཅས་པའི་གནས་དང་། དགེ་སློང་དང་བཅས་པ་མ་ཡིན་པ་དང་། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང་། དགེ་སློང་མེད་པའི་གནས་དང་། དགེ་སློང་མེད་པ་གནས་པ་ནས་དགེ་སློང་མེད་པ་གནས་དང་གནས་མ་ཡིན་པར་གནོད་པ་འབྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བའོ། །

Tibetan Source 《བསྟན་འགྱུར་ཙུ་པ་》ཤ་323བ་5ལས་བཏུས་
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number