10047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་རྒུད་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ།

1. ལྷ་དང་ལྷ་མ་ཡིན་གྱི་འཐབ་མོའི་དུས་ན་བང་ཉམས་པ། 2. ལྷ་མ་ཡིན་གྱི་བརྒྱབ་པས་ལྷན་ཅིག་ཁོ་ནར་འགྱེལ་བ། 3. རྒྱ་མཚོར་ལྷུང་བ་དག་གི་གོ་ཆ་རྣམས་ལྷུང་བ། 4. ཆགས་པ་རྣམས་དང་ལྷན་ཅིག་ཁོ་ནར་འབྱེ་བ། 5. ཆགས་ཤིང་ངོ་ཚ་བ་རྣམས་དང་ལྷན་ཅིག་ཏུ་མགོ་རྒྱན་ལྷུང་བ། 6. སྒྲ་གཅན་མཐོང་བས་བརྒྱལ་བ། 7. འཆི་འཕོ་བའི་དུས་ན་ཚད་དང་དབྱིབས་དང་རྒྱན་རྣམས་དང་ལྡན་པའི་ལྷའི་བུ་མོ་དེ་དག་རྣམས་ཕྱིར་གསར་དུ་སྐྱེས་པའི་དྲུང་དུ་སོང་ནས་རྩེད་མོ་ཚད་མེད་པ་བྱེད་པར་གྱུར་ནས་ཡོངས་སུ་སྤངས་པ། 8. རྩེད་མོའི་དུས་ན་དེ་རང་གི་ལས་དང་མཐུན་པའི་དམན་པར་འགྱུར་བ། ། 9. རྩེད་མོའི་དུས་ན་དུད་འགྲོར་སྐྱེས་པའི་ལས་བྱས་ཀྱང་སྨད་པར་བྱེད་པ།། 10. – 11. པདྨ་རྣམས་ལ་བསྡད་པ་དང་རེག་པ་ཁོ་ནས་ཉམས་ཏེ་རང་གི་ལས་དང་མཐུན་པར་འགྱུར་བ། 12. རྒྱན་རྣམས་དང་གཞན་ཆེས་གཙོ་བོར་གྱུར་པ་དག་གི་རྒྱན་རྣམས་མངོན་པར་མཐོང་ནས་ངོ་ཚ་བ་བཅས་སོ། །

Tibetan Source 《མདོ་ཡ་པ་》ཤ་211བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number