10087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྟེན་འབྲེལ་ཡན་ལག་བཅུ་གཉིས།
Tibetan Alternate
Tibetan Definition ཁག་གསུམ་པ།

དཀོན་བརྩེགས་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲིད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྲིད་པའི་རྐྱེན་གྱིས་རྒ་ཤི་དང་བཅུ་གཉིས་སོ། ། དེ་ལས། 1. མ་རིག་པ་ནི། འཕགས་པའི་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མི་ཤེས་པ་དང་། ༤ མི་མཐོང་བ་གང་ཡིན་པ་དེ་ནི་མ་རིག་པ་ཞེས་བྱའོ། ། 2. འདུ་བྱེད་ནི། གང་ཅུང་ཟད་ལུས་དང་། ངག་དང་། ཡིད་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བའམ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའམ། མི་གཡོ་བར་ཉེ་བར་འགྲོ་བའམ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བའམ། གཟུགས་མེད་པའི་ཁམས་སུ་ཉེ་བར་འགྲོ་བ་དེ་དག་ནི་འདུ་བྱེད་རྣམས་ཞེས་བྱའོ། ། 3. རྣམ་པར་ཤེས་པ་ནི། གང་ཅུང་ཟད་དེ་ལས་བྱུང་བ་སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། ། 4. མིང་གཟུགས་ནི། དེ་ལས་བྱུང་བ་གང་ཅི་ཡང་རུང་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རིག་པ་དང་། ཡིད་ལ་བྱེད་པ་དེ་ནི་མིང་ཞེས་བྱའོ། །གང་ཅི་ཡང་རུང་ལྷན་ཅིག་བྱུང་བ་མེར་མེར་པོའི་གཟུགས་དང་། བརྫུས་ཏེ་བྱུང་བའི་གཟུགས་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་དེ་ནི་གཟུགས་ཞེས་བྱའོ། ། 5. སྐྱེ་མཆེད་དྲུག་ནི། དེ་ལས་བྱུང་བ་མིག་དང་། རྣ་བ་དང་། སྣ་དང་། ལུས་དང་། ལྕེ་དང་། ཡིད་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། ། 6. རེག་པ་ནི། མིག་ལ་བརྟེན་ཅིང་གཟུགས་ལ་ཡང་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པ་ཞེས་བྱའོ། ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པ་སྟེ། དེ་ནི་རེག་པ་ཞེས་བྱའོ། ། 7. ཚོར་བ་ནི། དེ་ལས་བྱུང་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་དག་ནི་ཚོར་བ་ཞེས་བྱའོ། ། 8. སྲེད་པ་ནི། དེ་ལས་བྱུང་བ་འདོད་ཆགས་དང་། ཆགས་པ་དང་། དགའ་བ་དེ་ནི་སྲེད་པ་ཞེས་བྱའོ། ། 9. ལེན་པ་ནི། དེ་ལས་བྱུང་བ་ཀུན་ཏུ་ཆགས་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་དེ་ནི་ལེན་པ་ཞེས་བྱའོ། ། 10. སྲིད་པ་ནི། དེ་ལས་བྱུང་བ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ནི་སྲིད་པ་ཞེས་བྱའོ། ། 11. སྐྱེ་བ་ནི། གང་སྲིད་པ་དེ་འབྱུང་བ་དང་། སྐྱེ་བ་དང་། མངོན་པར་འགྲུབ་པ་དེ་ནི་སྐྱེ་བ་ཞེས་བྱའོ། ། 12. རྒ་ཤི་ནི།གང་སྲིད་པ་དེ་འགྱུར་བ་དང་། འཇིག་པ་དང་། ཉེ་བར་ཁྲིད་པ་དེ་ནི་རྒ་བ་ཞེས་བྱའོ། ། གང་ཁྲིད་པ་དེ་འཆི་འཕོ་བ་དང་། འབྲལ་བ་དེ་ནི་འཆི་བ་ཞེས་བྱའོ། །

Tibetan Source 《དཀོན་བརྩེགས་ཅ་པ་》ཤ་309བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number