10088
Tibetan | རྟེན་འབྲེལ་ཡན་ལག་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | ཁག་བཞི་པ།
དེ་ལ། མཐོང་སྤང་བདེན་འཛིན་གྱི་ས་བོན་གྱི་དངོས་གཉེན་གྱི་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་མཐོང་ལམ་མཉམ་རྗེས་གཉིས་ཡོད། ་འདི་ཡི་སྐབས་སུ་མཐོང་ལམ་རྗེས་ཐོབ་པས། རྟེན་ཅིང་འབྲེལ་འབྱུང་ལུགས་འབྱུང་དང་། ལུགས་ལྡོག་ལ་རྗེས་སུ་རྟོགས་པར་བྱེད་ཚུལ་ཡོད་པ་དེ་ཡང་། 1. ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ། 2. འདུ་བྱེད་ཀྱི་རྟེན་འབྲེལ། 3. རྣམ་ཤེས་ཀྱི་རྟེན་འབྲེལ་དང་འདི་གསུམ་ལ་འཕེན་བྱེད་ཀྱི་རྒྱུ་གསུམ། 4. མིང་གཟུགས་ཀྱི་རྟེན་འབྲེལ། 5. སྐྱེ་མཆེད་དྲུག་གི་རྟེན་འབྲེལ། 6. རེག་པའི་རྟེན་འབྲེལ། 7. ཚོར་བའི་རྟེན་འབྲེལ་དང་བཞི་ལ་འཕེན་བྱེད་ཀྱི་རྒྱུ་གསུམ་གྱི་ཕངས་པའི་འབྲས་བུ། 8. སྲེད་པའི་རྟེན་འབྲེལ། 9. ལེན་པའི་རྟེན་འབྲེལ། 10. སྲིད་པའི་རྟེན་འབྲེལ་དང་འདི་གསུམ་ལ་སྒྲུབ་བྱེད་ཀྱི་རྒྱུ་གསུམ། 11. སྐྱེ་བའི་རྟེན་འབྲེལ། 12. རྒ་ཤིའི་རྟེན་འབྲེལ་དང་གཉིས་ནི་སྒྲུབ་བྱེད་ཀྱི་རྒྱུ་གསུམ་གྱིས་བསྒྲུབས་པའི་འབྲས་བུའོ། ། འདི་ལ་ལས་གཉིས་དང་། ཉོན་མོངས་གསུམ། སྡུག་བསྔལ་བདེན་པ་བདུན་ཏེ་གསུམ་མོ། ། དེ་ཡང་། ལས་གཉིས་ནི། འདུ་བྱེད་དང་། སྲིད་པའི་རྟེན་འབྲེལ་གཉིས་སོ། ། ཉོན་མོངས་གསུམ་ནི། མ་རིག་པ། སྲེད་པ། ལེན་པའི་རྟེན་འབྲེལ་དང་གསུམ་མོ། ། ལྷག་མ་བདུན་ནི། སྡུག་བསྔལ་བདེན་པ་ཡིན་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ལུགས་འབྱུང་ནི། མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་།། འདུ་བྱེད་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་། རྣམ་པར་ཤེས་པ་ལ་བརྟེན་ནས་མིང་དང་གཟུགས་འབྱུང་། མིང་དང་གཟུགས་ལ་བརྟེན་ནས་སྐྱེ་མཆེད་དྲུག་འབྱུང་། སྐྱེ་མཆེད་དྲུག་ལ་བརྟེན་ནས་རེག་པ་འབྱུང་། རེག་པ་ལ་བརྟེན་ནས་ཚོར་བ་འབྱུང་། ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་། སྲེད་པ་ལ་བརྟེན་ནས་ལེན་པ་འབྱུང་། – ལེན་པ་ལ་བརྟེན་ནས་སྲིད་པ་འབྱུང་། སྲིད་པ་ལ་བརྟེན་ནས་སྐྱེ་བ་འབྱུང་། སྐྱེ་བ་ལ་བརྟེན་ནས་རྒ་ཤི་འབྱུང་བའོ། ། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཀྱི་ལུགས་ལྡོག་ནི། རྒ་ཤི་གང་ནས་བྱུང་ན་སྐྱེ་བ་ལས་བྱུང་། སྐྱེ་བ་གང་ལས་བྱུང་ན་སྲིད་པ་ལས་བྱུང་། སྲིད་པ་གང་ལས་བྱུང་ན་ལེན་པ་ལས་བྱུང་། ལེན་པ་གང་ནས་བྱུང་ན་སྲེད་པ་ལས་བྱུང་། སྲེད་པ་གང་ནས་བྱུང་ན་ཚོར་བ་ལས་བྱུང་། ཚོར་བ་གང་ལས་བྱུང་ན་རེག་པ་ལས་བྱུང་། རེག་པ་གང་ལས་བྱུང་ན་སྐྱེད་མཆེད་དྲུག་ལས་བྱུང་། སྐྱེ་མཆེད་དྲུག་གང་ལས་བྱུང་ན་མིང་གཟུགས་ལས་བྱུང་། མིང་གཟུགས་གང་ལས་བྱུང་ན་རྣམ་པར་ཤེས་པ་ལས་བྱུང་། རྣམ་པར་ཤེས་པ་གང་ལས་བྱུང་ན་འདུ་བྱེད་ལས་བྱུང་། འདུ་བྱེད་གང་ལས་བྱུང་ནི་མ་རིག་པ་ལས་བྱུང་བའོ། ། རྣམ་བྱང་ཕྱོགས་ཀྱི་ལུགས་འབྱུང་ནི། །་་མ་རིག་པ་འགགས་པས་འདུ་བྱེད་འགག་འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག སྐྱེ་བ་འགགས་པས་རྒ་ཤི་འགག་པའོ། ། རྣམ་བྱང་ཕྱོགས་ཀྱི་ལུགས་ལྡོག་ནི། རྒ་ཤི་འགགས། གྲྭ་ཤི་གང་འགགས་པས་འགག་ན་སྐྱེ་བ་འགགས་པས་འགག་ཅེས་པ་ནས། འདུ་བྱེད་འགག འདུ་བྱེད་གང་འགགས་པས་འགག་ན་མ་རིག་པ་འགགས་པས་འགག་པའོ། ། གཞན་ཡང་། རྟེན་འབྲེལ་ལས་དཔྱད་པར་བྱ་བའི་གནས་བརྒྱད་ཡོད་པ་ནི། (1)དབྱེ་བ། (2)བསྡུ་བ། (3)རྐྱེན་དུ་འགྱུར་ཚུལ། (4)རང་རང་གི་བྱེད་ལས། (5)ཚེ་དུ་ལ་རྫོགས་པ། (6)ས་མཚུངས་ཀྱི་རྣམ་གཞག (7)ཇི་ལྟར་བསྒོམ་པའི་ཚུལ། (8)དེ་ལྟར་བསྒོམས་པའི་ཕན་ཡོན་དང་བརྒྱད་དོ། ། |
Tibetan Source | 《ཀློང་རྡོལ་བཀའ་འབུམ་》གླེགས་བམ་དང་པོ་ཤོག་ངོས་335ཕྲེང་19ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |