101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གྲངས་ཀྱི་གནས་རྐྱང་ཁུག་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱུན་ལས་བྱུང་བ་སྟེ། །

1.རྐྱང་པའི་གནས། དེ་ལ་དགུ་སྟེ། གཅིག་དང་། བཅུ་དང་། བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་དང་། ས་ཡ་དང་། བྱེ་བ་དང་། དུང་ཕྱུར་ཏེ་གནས་དགུའོ། ། 2.ཁུག་པའི་གནས། དེ་ལ་གསུམ་སྟེ། ། (1)ཁུག་པ་དང་པོ་ནི། དེ་ལ་ཐེར་འབུམ་དང་། ཁྲག་ཁྲིག་དང་། རབ་བཀྲམ་དང་། གཏམས་དང་། དཀྲིགས་དང་། མི་འཁྲུགས་པ་དང་། ཁྱད་སྦྱིན་དང་། དཔང་སྟེང་དང་། དེད་འདྲེན་ཞེས་བྱ་བ་དགུ་སྟེ། ཆེན་པོ་དགུ་བསྣན་པས་ཁུག་པ་དང་པོའོ། ། (2) ཁུག་པ་གཉིས་པ་ནི། མཐའ་སྣང་དང་། རྒྱུ་རིག་དང་། འོད་མཛེས་དང་། དབང་པོ་དང་། ལེགས་འབྱིན་དང་། རྟོགས་འགྲོ་དང་། འགྱིང་བརྟུལ་དང་། རྟ་རྒྱུགས་དང་། སྟོབས་འཁོར་ཏེ་དགུ་ནི་སྔ་མ་ལྟར་ཆེན་པོ་དགུ་བསྣན་པ་ནི་ཁུག་པ་གཉིས་པའོ། ། (3)ཁུག་པ་གསུམ་པ་ནི། བརྡའ་ཤེས་དང་། རྣམ་འབྱུང་དང་། སྟོབས་མིག་ཅེས་བྱ་བ་གསུམ་ནི། སྔ་མ་ལྟར་ཆེན་པོ་གསུམ་བསྣན་པས་ཁུག་པ་གསུམ་པ་སྟེ། དེ་ལྟར་རྐྱང་པ་དགུ་དང་། ཁུག་པའི་གནས་གསུམ་དུ་གྲངས་བཞི་བཅུ་རྩ་གཉིས་ཏེ། བསྡུ་ན་ལྔ་བཅུ་རྩ་གཅིག་ནི་མངོན་པ་ལས་སྣང་ངོ་། ། ལྷག་མ་གྲངས་བརྒྱད་ནི་གཞུང་དུ་མི་སྣང་མོད་ཀྱི་འོད་ཀྱང་ཁུག་པའི་གནས་སུ་བརྒྱུད་བསྣན་ན། ལྔ་བཅུ་རྩ་དགུ་ནི་གྲངས་ཀྱི་མིང་དུ་བཏགས་ལ། དྲུག་ཅུ་པ་ནི་དེ་ལྟ་བུའི་མིང་ལས་གསུངས་པས་གྲངས་མེད་པ་ཞེས་བྱའོ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་བཤད་དོ། །

Tibetan Source 《བསྟན་འགྱུར་དབུ་མ་ཀི་པ་》248ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number