10115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

དང་པོ། 1. འདི་ནི་སྡུག་བསྔལ་ལོ། 2. འདི་ནི་ཀུན་འབྱུང་བའོ། ། 3. འདི་ནི་འགོག་པའོ། ། 4. འདི་ནི་ལམ་མོ་ཞེས་བྱ་བ་ནི་བཟླས་པ་དང་པོ་མཐོང་བའི་ལམ་མོ། གཉིས་པ། 1. སྡུག་བསྔལ་དེ་ཡོངས་སུ་ཤེས་པར་བྱའོ། ། 2. ཀུན་འབྱུང་བ་སྤང་བར་བྱའོ། ། 3. འགོག་པ་མངོན་སུམ་དུ་བྱའོ། ། 4. ལམ་བསྒོམ་པར་བྱའོ་ཞེས་བཟླས་པ་གཉིས་པ་ནི་བསྒོམ་པའི་ལམ་མོ། ། གསུམ་པ། 1. སྡུག་བསྔལ་དེ་ཡོངས་སུ་ཤེས་སོ། ། 2. ཀུན་འབྱུང་བ་སྤངས་སོ། ། 3. འགོག་པ་མངོན་སུམ་དུ་བྱས་སོ། ། 4. ལམ་བསྒོམས་སོ་ཞེས་བྱ་བ་ནི་བཟླས་པ་གསུམ་པ་སྟེ། མི་སློབ་པའི་ལམ་མོ། །

Tibetan Source 《བསྟན་འགྱུར་ཙུ་པ་》ཤ་214ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number