10120
Tibetan | རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པོ་བཅུ་གཉིས་ཀྱིས་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཕྱེད་པ་སྟེ།
1. བྱང་ཆུབ་ཀྱི་སེམས་མི་ཕྱེད་པ། 2. བསམ་པ་དང་། ལྷག་པའི་བསམ་པས་སྦྱོར་བ་མི་ཕྱེད་པ། 3. སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མི་ཕྱེད་པ། 4. བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མི་ཕྱེད་པ། 5. བསྡུ་བའི་དངོས་པོ་མི་ཕྱེད་པ། 6. སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཕྱེད་པ། 7. སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མི་ཕྱེད་པ། 8. འཁོར་བས་ཡོངས་སུ་མི་སྐྱོ་བ་མི་ཕྱེད་པ། 9. དགེ་བའི་རྩ་བས་མི་ངོམས་པ་མི་ཕྱེད་པ། 10. མཚན་དང་དཔེ་བྱད་བཟང་པོའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་མི་ཕྱེད་པ། 11. དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་འདོར་བ་མི་ཕྱེད་པ། 12. སེམས་ཅན་གཞན་དང་གང་ཟག་གཞན་གྱི་ཕྱིར་དགེ་བའི་རྩ་བ་བསྔོ་བ་མི་ཕྱེད་པ། 13. སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་མི་ཕྱེད་པ་དང་བཅུ་གསུམ་མོ། །(སྐབས་འདིར་ཞིབ་ཆའི་དབྱེ་བ་གཅོད་སྐབས་མི་ཕྱེད་པ་བཅུ་གསུམ་ཡོང་འདུག་པ་དཔྱད་པར་ཞུ།) |
Tibetan Source | 《མདོ་ད་པ་》ཤ་366ན་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |