10138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྤོབས་པ་ཐོགས་པ་མེད་པའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ག་ཡ་མགོ་རིའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།།

1. གོང་ནས་གོང་དུ་རྒྱུ་ཆུད་མི་ཟ་བ། 2. ཡང་རྒྱུའི་རིམ་གྱིས་འབྲས་བུ་ཡོངས་སུ་དག་པ། 3. ཡང་སྨོན་ལམ་ལ་བརྟེན་ཏེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་དང་། ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པ་དང་། བསྒོམ་པའི་ལམ་ན་ཤེས་རབ་དང་ཐབས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བ་དང་། ཁུར་བླངས་པ་མི་འདོར་བ། 4. ཡང་གོང་ནས་གོང་དུ་མཐུ་རྣམ་པར་དག་པ། 5. ཡང་དབང་པོ་རྣོ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་དང་། ཤེས་རབ་ཀྱི་ཁྱད་པར་གྱིས་སྤྱོད་པ་མཐའ་ཡས་པ་ཡང་པང་དག་པར་སྒྲུབ་པ་དང་། རྩོལ་བའི་ཡོངས་སུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདེས་པ་དང་། རྒྱལ་ཚབ་ཏུ་རབ་ཏུ་གནས་པ། 6. ཡང་བཞི་ལ་ལྷག་པར་དམིགས་པ་དང་། བློས་རབ་ཏུ་རྣམ་པར་འབྱེད་པ་དང་། ཐབས་མཁས་པས་ཆོས་ཐམས་ཅད་ལས་འཇལ་བ་དང་། ཡེ་ཤེས་ཁོང་དུ་ཆུད་པ། 7. ཡང་རང་བཞིན་གྱིས་དུས་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཐོས་པ་འཛིན་པ་དང་། སྤྲོས་པ་ལས་དབེན་པ་དང་། ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ། 8. ཡང་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོངས་སུ་སྨིན་པས་ས་དང་པོ་ལ་པོ་ལ་ལྷག་པར་དམིགས་པ་དང་། ཡེ་ཤེས་ཡོངས་སུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལ་ལྷག་པར་དམིགས་པ་དང་། བསྒོམ་པ་ཡོངས་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་དང་། འབྲས་བུ་ཡོངས་སུ་སྨིན་པས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས་པར་རྟོགས་པ། 9. ཡང་མ་ནོར་བར་དགེ་བ་བསྒོམ་པའི་གནས་དང་། མ་ནོར་བའི་ཆོས་ལ་ངེས་པར་རྟོགས་པའི་སྐྱེ་གནས་དང་། མ་ནོར་བར་བསྒོམ་པའི་གནས་དང་། རང་གི་སེམས་ལ་དབང་བསྒྱུར་བ། 10. ཡང་དགེ་བའི་རྩ་བ་མཐའ་ཡས་པ་འཛིན་པ་དང་། ཆོས་མཐའ་ཡས་པ་ལ་ངེས་པར་རྟོགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པའི་རྗེས་སུ་འཇུག་པ་དང་། རྣམ་པར་རོལ་པ་མཐའ་ཡས་པ་མྱོང་བ། 11. ཡང་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་གནས་དང་། ཉོན་མོངས་པའི་ནད་དང་མཐུན་པའི་སྨན་རབ་ཏུ་ཤེས་པ་དང་། ཤེས་ནས་ཀྱང་ཐབས་ལ་གནས་ཏེ་ཇི་ལྟར་མཐུན་པ་བཞིན་དུ་སྦྱོར་བ་དང་། ཉོན་མོངས་པའི་ནད་ལས་གསོ་བ། 12. ཡིང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པ་དང་། དེ་ཡང་བསློབ་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དང་། བསྒོམ་པ་ཁྱད་པར་དུ་འཕགས་པ་དང་། བསྒོམས་པའི་འབྲས་བུ་ཁྱད་པར་དུ་འཕགས་པ་བཅས་སོ། །

Tibetan Source 《བསྟན་འགྱུར་ང་པ་》ཤ73བ་ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number