10155

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱ་དཀའི་ཟུང་ལྡན་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། བྱ་དཀའི་ཟུང་ལྡན་གྱི་ངོ་བོ་ནི། ཟུང་ལྡན་ཚིག་དེ་ཚིག་རྐང་རེར། ། ལན་འགའ་བཟླས་པ་བྱ་དཀའི་རྒྱུན། ། ཞེས་སོ། ། དེའི་དབྱེ་བ་བཅུ་གཉིས་ལས།

1. རྐང་པ་བཞིའི་དབུས་ན་ཡོད་པ་ཆོད་པ། 2. རྐང་པ་བཞིའི་དབུས་ན་ཡོད་པ་མ་ཆོད་པ། 3. མཐའ་ན་ཡོད་པ་ཆོད་པ། 4. མཐའ་ན་ཡོད་པ་མ་ཆོད་པ། 5. བར་མཐའ་གཉིས་ན་ཡོད་པ་ཆོད་པ། 6. བར་མཐའ་གཉིས་ན་ཡོད་པ་མ་ཆོད་པ། 7. རྐང་བཞིའི་ཐོག་བར་གྱི་ཆོད་པ། 8. རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་དང་གཉིས་པའི་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ།། 9. རྐང་བཞིའི་ཐོག་མཐར་ཆོད་ཅིང་མ་ཆོད་པ། 10. ཐོག་མཐར་མ་ཆོད་ཅིང་ཆོད་པ། 11. རྐང་པ་བཞི་ཀའི་གནས་གསུམ་དུ་ཆོད་ཅིང་མ་ཆོད་པ། 12. བཞི་ཀའི་གནས་གསུམ་དུ་མ་ཆོད་ཅིང་མ་ཆོད་པ་བཅས་སོ། ། དེ་རྣམས་ཀྱི་ནང་ནས་དཔེར་མཚོན་དུ་བཅུ་གཅིག་པ་རྐང་པ་བཞི་ཀའི་གནས་གསུམ་དུ་ཆོད་ཅིང་མ་ཆོད་པར་བོད་མཁས་པས། སྙན་སྙན་འདབ་ལྡན་ཁྱུ་ནས་སྙན་སྙན་ཁུ་བྱུག་མྱོས་པའི་གདངས་སྙན་སྙན། ། སྙན་སྙན་རོལ་མོའི་ནང་ནས་སྙན་སྙན་ལྷ་ཡི་རྔ་ཆེན་སྒྲ་སྙན་སྙན། ། སྙན་སྙན་གླུ་དབྱངས་ཚོགས་ན་སྙན་སྙན་རབ་དགའ་དྲི་ཟའི་གླུ་སྙན་སྙན། ། སྙན་སྙན་སྲིད་གསུམ་ཀུན་ན་སྙན་སྙན་དཔལ་ལྡན་རྒྱལ་བའི་གྲགས་སྙན་སྙན། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་487.69ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number