10169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དམིགས་པ་རྣམ་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡོང་། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ལས་བྱུང་བ་སྟེ།

1. ཆོས་བརྟགས་པ་རྣམ་པར་གཞག་པའི་དམིགས་པ། 2. ཆོས་ཀྱི་དབྱིངས་ཀྱི་དམིགས་པ། 3. བསྒྲུབ་བྱའི་དམིགས་པ། 4. སྒྲུབ་པའི་དམིགས་པ། 5. འཛིན་པའི་དམིགས་པ། 6. ངེས་པར་འཛིན་པའི་དམིགས་པ། 7. རབ་ཏུ་འཛིན་པའི་དམིགས་པ། 8. རབ་ཏུ་རྟོགས་པའི་དམིགས་པ། 9. སྔ་བར་ཕྱི་འགྱུར་བཞི་སྟེ། 1. སྔ་འགྱུར་བཞི་ནི། (1) ཐོག་མར་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་དུས་གཙུག་ལག་རྩིས་ཀྱི་རིག་པ་ཕེབས་པའི་དབུ་བརྙེས་ཀྱང་བོད་འདིར་ཇི་བཞིན་ཚང་བའི་ཡི་གེ་མེད་པས་ཐམས་ཅད་མ་དར། སྤྱན་རས་གཟིགས་དངོས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོ་ཕེབས་ནས་ཆ་ཙམ་དར། མི་རིང་བར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ལ་ས་འདུལ་ལེགས་པོ་མ་བྱུང་བས་བརྩིག་མ་ཐུབ་པར། རྒྱལ་པོ་ཡབ་ཡུམ་བཀའ་བགྲོས་ཏེ། བོད་མི་ཤེས་རབ་ཅན་བཞི་ཞེས་ཡེ་ཤེས་རྒྱལ་བ། གཙང་གཡུ་གཞེར། འབྲོ་གཉེར་བརྟེན་པ། ར་བླ་མ་མཁྱེན་བཞི་རྒྱ་ནག་གི་ཡུལ་དུ་མངགས་ནས། རྒྱ་ཡི་སློབ་སྤོན་མཁས་པ་འབར་བ་ཚོམ་ཚོམ་ལ་གཏུགས་ནས་རྩིས་ཀྱི་རྒྱུད། གཏེར་ཊིཀ གཡུ་ཕྲེང་། ཐིག་བསྟོད་གསུམ་དང་། ཀམ་ཁྲ་དང་། ཟ་འོག་གུར་ཁྱིམ་སྟེ་སྤར་ཁའི་རྒྱུད་གཉིས། སྤྱི་རྒྱུད་སྡོང་པོ་དགུ་འདུས། ས་དཔྱད་ཀྱི་རྒྱུད་བྱ་རྒོད་བློ་རྡོལ། ཤད་ཁ་རྡོ་རེ་དང་། རིན་ཆེན་ཕྲེང་བ་སྟེ་རྒྱུད་དགུ་གབ་ཚེ་རྒྱུ་ཆེ་བཀྲལ་བ་དང་། འབྱུང་བ་ཀུན་གསལ། རཏྟཱ་ས་ལེ་སྟེ་འགྲེལ་པ་གསུམ། སྤང་རྒྱན་ལོ་མ་རྣམ་པ་བཞི། རྒྱ་མོ་དར་ཚགས་མི་འདྲ་བ་བཞི། སྐྱེ་ལས་གབ་ཚེར་ཁྱིམ་ཉི་ཤུ་པ་དང་། བཅོ་ལྔ་པ་དང་། བཅུ་གཉིས་པ་དང་། བརྒྱད་པ་དང་། ལྔ་པ་དང་། ཁྲོ་མོ་སྟོང་སྐོར་འཕྲུལ་གྱི་མེ་ལོང་དང་། ཕྱི་ཤོག་ཁྲ་མ་བུ་སྟེ་གབ་ཚེ་བཅོ་ལྔ་རྣམས་བསྒྱུར་བར་མཛད་པ་ནི་སྔ་འགྱུར་ཐོག་མའོ། ། (2)སྔ་འགྱུར་བར་པ་ནི། གསང་བདག་རྣམ་འཕྲུལ་ཆོས་རྒྱལ་མེས་ཨག་ཚོམ་གྱི་བཙུན་མོ་ལ་རྒྱ་བཟའ་ཨང་ཚུང་བཞེས་པའི་དུས་སུ། རྒྱལ་མོ་དེ་ཡིས་འབྱུང་བ་ལྔ་འགྱུར། སྤར་ཁའི་སེར་ཐིག སྨེ་བ་དམར་ནག་གཟའ་སྐར་ཉི་མ་མེ་བཞུར། དེ་རི་ཕྱི་མ་གི་གོང་དང་། འབྱུང་བ་གཏོ་ཡི་མཛོད་དེ་བརྒྱུད་བདུན་ལེ་ལག་བརྒྱད་དང་བཅས་པ་བསྒྱུར། (3)སྔ་འགྱུར་ཕྱི་འགྱུར་ནི། འཇམ་དབྱངས་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་ཚེ། ཡུམ་གྱིས་འཕྲིན་ཡིག་བསྐུར་ནས་ས་དགྲ་ངན་པ་རྣམས་བཅོས་པའི་ཕྱིར། རྒྱ་ནག་གི་ཡུལ་གྱི་སློབ་དཔོན་མཁས་པ་སེམས་བརྩེ་ཞེས་པ་གདན་འདྲེན་པའི་དོན་དུ། གསང་ཐུབ་རས་སྐྱེས་གཙུག་ན་དང་། ལི་ཁྲི་མགོ་སྐྱ་ཞེས་པར། གསེར་ལ་སོགས་པའི་སྐྱེས་དང་བཅས་མངགས་པས་སློབ་དཔོན་སེམས་བརྩེ་བྱོན། དེ་ཡིས་ཤར་སྒོ་ཀེག་གི་རྩིས། ལྷོ་སྒོ་གཉེན་གྱི་རྩིས། ནུབ་སྒོ་ཁང་པའི་རྩིས། བྱང་སྒོ་རོ་ལམ་གྱི་རྩིས་ཏེ་དཔྱད་སྒོ་བཞི་དང་། རྨང་པོ་འཕན་དར་གཏོང་བ་དུར་གྱི་ཡོན་ཏན། ་དབུལ་པོ་ཕྱུག་པོར་གཏོང་བ་ཁང་སའི་ཡོན་ཏན།། ངན་པ་བཟང་པོར་གཏོང་བ་ཟླ་གྲོགས་ཀྱི་ཡོན་ཏན། གཉེན་དགྲ་རུ་མི་ལྡང་བ་གི་གོང་རྩིས་ཀྱི་ཡོན་ཏན། གཤིན་མིག་གསོན་ལ་མི་བོལྟ་བ་གཤིན་རྩིས་ཀྱི་ཡོན་ཏན། འཕྲལ་རྐྱེན་ཟློག་པ་ཀེག་རྩིས་ཀྱི་ཡོན་ཏན། དགྲ་འཇོམས་གྱིམ་ཤང་རྩིས་ཀྱི་ཡོན་ཏན་ཏེ་ཡོན་ཏན་བདུན། དེ་ཡི་དཔྱད་སྒོ་བཞིའི་ནང་ནས་ཀྱང་ནུབ་སྒོ་ཁང་པའི་དཔྱད་དང་། ཡོན་ཏན་བདུན་གྱི་ནང་ནས་ཁང་པའི་རྩིས་ལ་ཤིན་ཏུ་མཁས་པར་གྲགས་པ་དེས། རྒྱལ་པོའི་ཕོ་བྲང་དང་། དགེ་འདུན་གྱི་དགོན་གནས་གཙུག་ལག་ཁང་དང་། མཆོད་རྟེན་བརྩིག་པ། ཕལ་པའི་སྐྱེ་བོས་གྲོང་འདེབས་པའི་རྩིས་དང་། རི་འབུགས་ལ་སོགས་པའི་ས་དཔྱད་མང་པོ་གསུངས། རྗེས་སུ་རྒྱུ་ཡི་པཎ་ཆེན་དར་ཆེན་ཐིག་ལེའམ་ཏིང་ཙོ་ཞེས་སམ། དོན་དུ་པཎ་ཆེན་དུ་ཧོར་ནག་པོས་གཙོ་བོར་མཛད་པའི།། མཧཱ་ཡཱ་ན་སཱུ་ཏྲ། མཧཱ་རཱ་ཛ་དེ་བ། ལོ་ཙཱ་ཨིནྡྷ་བྷ་བྷོ། བི་རྗེ་བཙན་པོ་ཤི་ལ་རྣམས་དང་། གཞན་ཡང་ཁམས་ཁྲ་དང་པོ། ལང་ཚོ་ལྡོང་ཡགས། ཡུག་སྒྲ་བཞེར། ཁུ་ཤོག་མཁན། རྒྱུ་གཡུ་བཟང་དང་བཞི་ཡིས་རིམ་པར་བསྒྱུར་བ་ལ། དཔྱད་རྒྱུ་ལས་ཀྱི་དྲུག་ཅུ་སྐོར་གནམ་རྣམ་སའི་རྗེས་གཅོད་བྱ་བ་དང་། འབྱུང་བ་སེ་ཞིག་ཁ་རལ་གྱི་ལོ། གླང་བཙན་གི་གོང་མཐུན་སྦྱོར། བལ་མོ་ལྡེང་སྐོར་ཉི་དམག་བསྡུས་པ། ཀརྨ་ཆུ་ནོན་རྒྱུ་མོའི་དར་ཚགས། དམིགས་སེལ་རྣམ་བཞི། འབྱུང་ བ་མདོ་བཤད། ཡི་གེའི་མདོ་འགྲེལ། རྒྱུ་ཡི་ཞིབ་ཤེར། ཟངས་ཀྱམ་མ་བུ་བཅོ་ལྔ། གཤིན་རྡེལ་བཅུ་གཉིས་ཀྱི་དཔྱད་ཨི་མིན། གཞུང་ལྔ་བམ་བདུན་འཕྲུལ་གྱི་དྲ་བ་ཚེ་ཆུང་། དར་གུད་འཕྲུལ་གྱི་མེ་ལོང་། དར་གུད་གེ་ཤེར་སྒྲོན་མེ། ཁུ་ལུ་བདུན་པ། གྱིམ་ཤང་བདུན་པ། རྩིས་ཀྱི་མ་ལྔ་བུ་ལྔ། ཡན་ལག་སུམ་བརྒྱ་དྲུག་ཅུ་པ། བྱ་ཡི་བསྟན་པ་བཅོ་བརྒྱད། ཀོང་ཇོའི་སྤང་རྒྱན་ལོ་མའི་འགྱུར་འཕྲོས། རྩུབ་རྡེལ་དགུ་པ་ལ་སོགས་པ་རྣམས་བསྒྱུར། གཞན་ཡང་ཁམས་ཁྲ་དང་པོས་ཞུས་ནས་བསྒྱུར་བའི་གཙུག་ལག་རྩིས་ཀྱི་གཞུང་། བཻ་ཌཱུརྱ་ཡི་གླེགས་བུ་དང་། གཞུང་དོན་སྙིང་པོ། འགྲེལ་པ་ཉི་མའི་འོད་ཟེར། ལྷན་ཐབས་དཔག་བསམ་འཁྲི་ཤིང་། དྲང་སྲོང་པྲ་སྒྲུབ། ལྷ་མོ་སྒྲུབ་པའི་མན་ངག་གཏོ་ཕྲན་ཆུང་སྲི་མནན་ཐབས་ལ་སོགས་པ་བསྒྱུར། ཐང་ཡིག་སོགས་ལས་འཇམ་དབྱངས་ཀྱིས་གསུངས་པའི་གཙུག་ལག་ཐམས་ཅད་དུས་འདིར་བསྒྱུར་བར་བཤད་པ་ཡང་ཡོད་དོ། ། དེ་དག་རྣམས་ལས་ཕལ་ཆེ་བ་སྟག་གི་སྒྲོ་བར་བཅུག་སྟེ་རེ་ཞིག་གཏེར་དུ་སྦས་ནས་བཞག་ལ་བེ་རོ་ཙཱ་ནས་ཞུས་ཏེ་བསྒྱུར་བའང་ཡོད་པར་གསུངས་སོ། ། (4) སྔ་འགྱུར་ཐ་མ་ནི། རྒྱ་ནག་གི་ལོ་མ་ཤི་མ་ལར།། ཁྱུང་པོ་རྡོར་འབར་གྱིས་ཞུས་ནས་ཁྱུང་པོའི་མེ་ལོང་བཅུ་གཉིས་ཞེས་པ། རྩ་བ། གི་གོང་། སྤར་ཁ། སྨེ་བ། དར་གུད། གཟའ། སྐར་མ། གེགས་སེལ། རོ་བཀྲ་དང་། དོང་ཙེ་འཕྲུལ་གྱི་མེ་ལོང་། ཟངས་ཀྱམ་གྱི་རྒྱུད་དང་། མན་ངག་འཕྲུལ་གྱི་མེ་ལོང་དང་བཅུ་གཉིས་བསྒྱུར། ། 2. བར་འགྱུར་བཞི་ནི། (1)བར་འགྱུར་ཐོག་མ་ནི། རྒྱ་ཡི་མཁན་པོ་ཤེས་རབ་བླ་མ་ལ། མཁས་པ་བེར་སྔོན་ཅན་གྱིས་ཞུས་ནས། སྤུར་ཁའི་གསལ་འགྲེལ། ཕུང་གྱོད་ལེ་ལན། སྡོམ་ཚིག་གི་རྒྱུད། འབྲུ་འགྲེལ་མདོ་གཅོད། བཏང་གཅོད། འབྱམས་ཡིག་མདོ་འགྲེལ། འབྱུང་བ་སྡེ་བརྒྱད། འཕྲུལ་ཡིག་རྩ་བའི་རྒྱུད་དེ་སྤུར་ཁའི་རྒྱུད་བརྒྱུད། སྨེ་བའི་དགུ་ལི་གསང་།- ཧ་ལོ་འབར་བ། རྒྱ་ཡི་དར་ཚགས། ཁྲ་བོ་འཆོལ་པ། དམར་ནག་ཁྲོམ། དཀར་པོ་སྤྱི་གཅོད། སེར་ནག་འབར་བ། ཁྲ་བོ་མ་འབར། མེ་ལོང་ཁྲ་མོ་སྟེ་སྨེ་བའི་རྒྱུད་དགུ གཙུག་ལག་འཕྲུལ་མེ། གློག་གི་ཕྲེང་བ། མཁའ་འགྲོའི་གཙུག་ལག་འབྱུང་བ་དཔའ་ཚད་སུམ་བརྒྱ་དྲུག་ཅུ། སྲོག་རྒྱུད་རྩ་བའི་རྒྱུད་དེ་ལོ་རྒྱུས་ཀྱི་རྒྱུད་ལྔ། ལེ་ཞུར་བཅུ་གཉིས་ལ་སོ་སོ་ལ་ཡང་རྒྱུད་རེ་རེ་དང་བཅས་པ། དར་གུད་འཕྲུལ་གྱི་གོ་བྱེད། བཏང་གཅོད་ནག་པོ། མེ་ལོང་གསལ་བ་སྟེ་དར་གུད་གྱི་རྒྱུད་གསུམ། གཏོ་རྩིས་ལ་གཏོ་རྒྱུད་ནག་པོ། གཤིན་རྩིས་ལ་དྲ་བ་གློག་འགྱུ་དང་གཟེར་བུ་ནག་པོ། ས་རྩིས་ལ་དྲི་བ་འགྲེལ་ཆེན་དང་འཕྲུ་ལེ་བརྟག་པ། ཐུགས་ཀྱི་གའུ་གཟའ་རྩིས་ལ་སྒྲོ་ར་འདོད་པ་སོགས་བརྒྱུད། སྐར་མ་ལ་འཕྲུལ་གྱི་སྣང་བ་སོགས་བརྒྱུད། འབྱུང་བ་ལྔ་ལ་ཕྱག་རྡོར་གྱི་ཞུས་ལན་ལྔ་འགྲེལ་པ་དང་བཅས་པ། སྤྱིར་ཁ་ལ་གཏེར་འཛིན་བརྒྱུད་འགྱུར།་གསེར་འགྲེལ་ཆེན་མོ། གསེར་ཐིག་གསལ་བ། གཞུང་བཤད་སེ་ཞིག་ཆེ་ཆུང་དང་། དཔྱད་མདོ་གསང་བ་གསེར་གྱི་ཕྱེ་ལེབ། གསེར་དང་ཆུ་ཡི་སྒྲོམ་རིན་ཆེན་གྱི་འཕྲུལ་འཁོར་སོགས་ཀྱི་འགྲེལ་བ་དང་། སྨེ་འགྲེལ་གསལ་བ། སྐྱེས་ཚང་གསལ་བ་བབས་ཚང་གསལ་བ་རྣམས་དང་། ལོ་ལ་སྲོག་གི་འགྲེལ་བ་ལྔ། དྲུག་ཅུའི་ལུས་འགྲེལ། དབང་ཐང་མ་བུ་ལྔ་སྐོར། ཀླུང་རྟ་འབྱུང་བ་བཞི་འགྱུར། ་དར་གུད་འགྲེལ་པ་འཕྲུལ་གྱི་གོང་ཕུར། སྲིད་པའི་རྡེལ་ནག་འཕྲུལ་གྱི་མིག་ཚགས། འཕྲུལ་གྱི་ལྡེ་མིག མེ་ལོང་ལྔ། མེ་ལོང་དགུ་སྐོར། འབྱུང་བ་གཞུང་བདུན། གབ་ཚེ་ཐང་ཤིང་རིང་མོ། ཀ་བ་ཅན་དང་། སྣང་གསལ་མེ་ལོང་། བསམ་ཀ་གསུམ་འགྱུར་འབྱུང་བ་སྤུན། ཕོ་བྲང་བརྒྱད་ཅུ་རྩ་འགྲེལ་རྣམས་བསྒྱུར་བར་མཛད་དོ། ། (2)བར་འགྱུར་བར་མ་ནི། རྒྱ་ཡི་པཎ་ཆེན་ཁྲི་མ་ཧ་ཡ་ན་ལ། བོད་ཀྱི་ལོ་ཙཱ་བ་ཁམས་པ་ལིང་ཙེ་དང་། རྒྱ་ནག་གི་བྷན་ཙ་ནག་པོ་ལ། བོད་ཀྱི་ལོ་ཙཱ་བྲན་ཁ་པདྨས་ཞུས་ནས། དཔྱད་བྱའི་བསྟན་བཅོས་བརྒྱད་དང་། རུས་སྦལ་ཁྲ་བོའི་སྐྱེ་རྒྱུད། སྟོད་འགྲེལ་འབྱུང་བ་ཀུན་གསལ། བར་འགྲེལ་ཀུན་གསལ། སྨད་ཀྱི་འགྲེལ་པ་ཀུན་རྫོགས། པར་ནག་ཁྲ་བོའི་མདོ། ཁྲ་བོ་གཟི་མིག་ཆེ་ཆུང་། སྒོས་འགྲེལ་མི་ཁྱི་ཁྲིད། གྲི་མཚང་ནག་པོ། ས་དཔྱད་ཞིབ་པ་གསེར་གཞུང་། དམངས་དར་ཚགས། སྨེ་བའི་འཕྲུལ་དཔེ་གོང་ཕུར་འཕྲུལ་གྱི་ལྡེ་མིག་སོགས་བསྒྱུར། (3)བར་འགྱུར་ཕྱི་མ་ནི། ཤྲཱི་མ་ཧཱ་ཡ་ན་ཡིས་དངོས་སུ་བོད་དུ་བྱོན་ནས་བཤད་པར་མཛད་པ་ལ.དཔྱོད་བྱའི་བསྟན་བཅོས་བརྒྱད། ཀླུང་རྩིས་ར་རུ་བསེ་རུ་འཆོལ་བ་ཞེས་བྱ་བ་རིན་ཆེན་མདུད་པ། ཕྲ་མེན་དགུ་ནག་འཐུས་དང་། ལྕགས་བཞི། མེ་བརྒྱད། ལས་རྩིས་མངལ་ཕུགས་བརྒྱུད་པ། སྲིའུ་ལ་སྤྱི་དོན་བཅུ་གཉིས་པ། སྤར་ཁའི་གཞུང་བཤད་ཆེ་ཆུང་། བུམ་ནག་དྲན་པའི་གསང་རྒྱུད། གསང་འགྲེལ་མཚང་བཞི། གཟའ་བཞིའི་འགྲེལ་པ། གཟའ་གསུམ་སྲོག་གི་མཆན་བུ། གཟའ་རྩིས་ཉི་མ་དགུ་ཞུར། ཕྱི་ནང་གཟའ་རྩིས་འཕར་བ་གོང་རྒྱུག གུང་ཕུར་སྡེ་དང་སྐར་མ་མཆུ་གནོན། དགུ་མིག་ཁྲོས་པ། དུར་མིག་ཁང་བུ་བརྒྱད་ཅུ། མན་ངག་གསང་བའི་མདོ་བཞི། འབྱུང་བ་ཀུན་གསལ། བསྟན་པ་ཁྲི་མོན། པྲ་རྟགས་གསེར་ལེ། བསམ་ཀ་གསུམ། ས་དཔྱད་ཀཾ་ཀ་བི་ཤ གཤིན་རྩིས་སྡེ་ཆེན་སྡེ་ཆུང་ལ་སོགས་པ་བསྒྱུར་ནས། སྦལ་གྲགས་པ་སེངྒེ་དང་། སྙན་པ་ཡེ་ཤེས་སེངྒེ་ལ་བཤད་ནས་སྤེལ་བར་མཛད་དོ། ། (4)བར་འགྱུར་ཐ་མ་ནི། རྒྱ་ཡི་པཎ་ཆེན་རཱ་ཧུ་དམར་པོ་ལ། ལོ་ཙཱ་བ་ཤེའུ་ཧཱུྃ་ཆེན་གྱིས་ཞུས་ཏེ་གཞུང་རིན་ཆེན་སྣང་གསལ་མེ་ལོང་། རིན་ཆེན་གསལ་བའི་སྒྲོན་མེ། འཕྲུལ་གྱི་དུམ་བུ། རིན་ཆེན་སྤྲོས་པ་བརྒྱད་པ་དང་། བརྒྱད་ཅུའི་མདུད་པ། མན་ངག་གི་གེགས་སེལ། དྲ་བསེ་སེ་ཆེ་ཆུང་གསེར་གྱི་གཟེར་བུ་སོགས་རིན་ཆེན་རྩིས་སྐོར་དུ་མ་དང་། རིན་ཆེན་སྣང་བརྩེགས་ཀྱི་རྒྱུད་དང་། འབྱུང་བ་ལྔ་འདུས་མདོ་བརྩེགས་ཀྱི་རྒྱུད་བསྐལ་པ་ཕྲ་མོ་སོགས་ཀྱང་བསྒྱུར་བ་ཡིན་ནོ། ། 3. ཕྱི་འགྱུར་བཞི་ནི། (1)ཕྱི་འགྱུར་ཐོག་མ་ནི། རྒྱུ་ཡི་པཎྜི་ཏ། འཛིང་ཀང་ངེ་ལ། བོད་ཀྱི་ལོ་ཙཱ་བ་མི་ཉག་འཛིན་དར་ཀ་ལོང་གིས་ཞུས་ཏེ། རྒྱུད་དྲུག ལུང་ཚེས་བཅོ་ལྔ། མན་ངག་བཅོ་བརྒྱད། ཡང་འགྲེལ་ལྔ་བཅུ་རྩ་བརྒྱད། ཐེམ་འགྲེལ་བརྒྱ་དང་བཞི་བཅུ། འབྱུང་ཆེན་བཅོ་ལྔ། འབྱུང་ཆུང་ཉི་ཤུ་རྩ་ལྔ། སྤྱི་ཡི་སྡོམ་ཚིག་ཀླུང་གི་འགྱུར་རྩིས་ཆེན་མོ། སྤར་ཁ་སྤྲུལ་པའི་གསེར་འགྲེལ། དགུ་མིག་བཞི། ཟངས་ཀྱམ་མ་བུ་བཅོ་བརྒྱད། ཀླུང་རྩིས་འབུམ་ནག་ཆེན་མོ། སྨྲ་མཚོ་ཁྲ་བོ། སྲིད་པའི་འདྲེ་དགུ་གནམ་སའི་འཁྲུལ་འཁོར་སྐུར་ཁྱིམ་རྗེས་གཅོད། གཏོ་ཆུང་དགུ་སྐོར། མེ་ལོང་བཅུ་གཉིས། བརྒྱ་ཡི་མདུན་བབས་བཅོ་བརྒྱད། པྲ་འབབ་རྣམ་གསུམ། སྤང་རྒྱན་ལོ་མའི་གསེར་འགྲེལ་གསུམ། ཀ་བ་སྐྱེ་ཤིའི་ཀླུང་རྩིས། གཟའ་བཞི་ལས་ཁོག ས་གཞུང་བྱེ་མ་ལག་ཁྲིད། པདྨ་བརྩེགས་པའི་རྒྱུད། འགྲེལ་པ་དྲི་མེད་རྣམས་བསྒྱུར་བར་མཛད་དོ། ། (2)ཕྱི་འགྱུར་བར་པ་ནི། རྒྱ་ནག་གི་པཎ་ཆེན་བྱམས་ཆེན་གྲགས་པ་ལ། ལོ་ཙཱ་བ་ཁམས་པ་བྷ་ཡུ་ཆོས་རྒྱལ་གྱིས་ཞུས་པ། རྒྱུད། མན་ངག་ལུང་། འགྲེལ་པ་ཊི་ཀ་སྣང་གསལ་ཏེ་སྣང་གསལ་མ་ལྔ། ལོ་རྒྱུས་མདོ་བྱང་གི་དུམ་བུ། གེགས་སེལ་གྱི་དུམ་བུ། རིན་ཆེན་མན་ངག་གི་དུམ་བུ་སྟེ་བུ་གསུམ། ཀེག་དང་གི་གོང་ས་དཔྱད་ཀྱི་མཆོང་དང་། ཟངས་ཀྱམ་རོ་བཀྲ་དུར་གྱི་མཆོང་གསུམ་སྟེ་མཆོང་དྲུག་བཅས་སྣང་གསལ་མ་བུ་བཅོ་ལྔ། ཟླ་བ་བརྟེན་པའི་ལོ་ཡི་དར་གུད། བག་རྩིས་གསལ་སྒྲོན།། གུང་ཕུར་ཆེན་མོ། གཟའ་བཞིའི་སྐོར་ཟློག་ལྟག་སྤྲོད། ཁོག་སེལ་དང་། གྱོར་གྱི་གྲངས་དང་ལས་བསྟན་པ། ཕྱི་ནང་གཟའ་ཡི་ངོ་སྤྲོད་སོགས་གཟའ་བཞིའི་སྐོར་དང་། སྤང་ལེ་ཤོད་ཀྱི་མན་ངག་་གཟའ་ཡི་ཤི་མིག་མན་ངག དུག་དབྱུང་ཁམས་ཕྱི་རོག་པོ་རྣམས་བསྒྱུར་ཏོ། ། (3)ཕྱི་འགྱུར་ཕྱི་མ་ནི། ཙ་མ་ལི་ལ། ལོ་ཙཱ་བ་ཁམས་པ་ཞྭ་སེར་གྱིས། སྨྲ་བའི་སེངྒེ་ཆེ་ཆུང་བོང་བུ་སྟག་བཅས་མཆོང་འགྱུར་དང་། རྒྱ་མོན་གྱི་རྩིས་དང་། གཏོ་རྒྱུད་ཆེ་བ། ཀ་བ་དགུ་འགྲིལ། གསལ་བའི་ཕྲེང་བ། རིན་པོ་ཆེ་ཡི་མདུད་པ། སྨྲ་མཆུ་ཆེ་ཆུང་།། གཟི་མཆོང་གི་རྒྱུད། དམར་ནག་བརྒྱད་ཅུ་སྐོར་གྱི་རྒྱུད། གྱིམ་ཤིང་རིན་ཆེན་སྤུངས་པ། རྒྱུ་ཡི་བརྟེན་ཆུ་སྐོར་སོགས་མང་པོ་བསྒྱུར། (4)ཕྱི་འགྱུར་ཐ་མ་ནི། རྒྱུ་ནག་གི་དཔོན་ཆེན་ཀུན་འབྱུང་ཨ་ལོ་ལ་ཤེའུ་ཧཱུྃ་ཆེན་གཉིས་པ་དང་། ལོ་ཙཱ་བ་ཁམས་པ་གཙུག་སྟོན་གྱིས། སྣང་གསལ་མ་བུ་བཅོ་ལྔ་པ། མཧཱ་ནག་པོ་རྩེ་བའི་རྒྱུད་ཡིག་སྣ་མ་བུ་བཅོ་ལྔ་དང་། གཤིན་རྩིས་བྱི་ཏོ་ཏ་ན་དང་། ཀླུང་རྩིས་རུས་སྦལ་ཟླ་བའི་རྩིས། གསང་འགྲེལ་བརྒྱུད་པ། འབྱུང་ཆུང་སྐོར། ས་དཔྱད་རིན་ཆེན་ཕྲེང་བ། དགྲ་གཤེད་ཀྱི་ལྕེ་མདུང་། སེལ་གྱི་གའུ་སྐོར་འགོ སེལ་གྱི་གསང་འགྲེལ་ལ་སོགས་པ་བསྒྱུར་བ་ཡིན། དེ་ཡང་འབྱུང་བ་རིན་ཆེན་ཀུན་འདུས་ཞེས་པ་འདི། ཀླུ་རྒྱལ་གབ་པས་གསུངས་པའི་ཚུལ་གཞུང་དེ་རང་དུ་གསལ་ཡང་། ཀླུ་རྒྱལ་གབ་པས་གསུངས་པ་ལ་སོགས་པ་རྣམས་ཀུན་འབྱུང་ཨ་ལོས་བསྡུས་ཏེ་གླེགས་བམ་གཅིག་ཏུ་བཀོད་པར་མཛད་པར་སྣང་ཞེས་སྡེ་སྲིད་རིན་པོ་ཆེས་གསུངས་སོ། །

Tibetan Source 《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་དེབ་དང་པོ་》ཤ་635.10ས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number