10173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚེས་ཀྱི་ལོ་འགྲོས་བཅུ་གཉིས་ཀྱི་འབྲས་བཤད་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་སྐར་ཡིག་གི་སྐོར་ལས།

1. སྟག་ཉིར་ལྷ་གསོལ་སྨན་སྦྱོར་སྤང་། ། གཞན་དགེ། 2. ཡོས་ཉེར་གཞན་ངན་ཞིང་། གཤིན་ལས་བཟང་ངོ་། ། 3. འབྲུག་ཉི་ལ། གཤིན་ངན་རབ་གནས་སོགས་དགེའོ། ། 4. སྦྲུལ་ཉིར་དྲག་ལས་སྐྱེས་དང་གཤིན། ། ། བག་མ་མནན་པ་སོགས་ནི་ངན། ། 5. རྟ་ཉིར་གཤིན་ལས་བག་མ་ངན། ། 6. ལུག་ཉིར་སྨན་སྦྱོར་ཁྲིམས་ནོད་སྤང་། ། ལྷ་གསོལ་བག་མ་མཛོད་བཅའ་བཟང་། ། 7. སྤྲེལ་ཉིར་བག་མ་མནན་པ་བཟང་། ། 8. བྱ་ཉིར་དགེ་རྩ་མནན་པ་ངན། ། སྦྱིན་སྲེག་དོན་གཉེར་ལ་སོགས་བཟང་། ། 9. ཁྱི་ཉིར་བག་མ་དོན་གཉེར་སྐྱེས། ། དྲུག་ལས་ངན་ནོ་གཞན་དག་བཟང་། ། 10. ཕག་ཉིར་དུར་གདབ་མནན་པ་ངན། ། དབང་བསྐུར་དགའ་སྟོན་ལ་སོགས་བཟང་། ། 11. བྱི་ཉིར་མནན་པ་དོན་གཉེར་ངན། །གཞན་བཟང་། 12. གླང་གི་ཉི་མ་ལ། ། རབ་བྱུང་འཆད་ཉན་བག་མ་ངན། ། གཞན་བཟང་ངོ་། །

Tibetan Source 《མདོ་རྒྱུད་མཛོད་ཡ་པ་》ཤ་589.24ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number