10183
Tibetan | ཟླ་བ་བཅུ་གཉིས་ཀྱི་ཐ་སྙད་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐར་རྩིས་རིག་པ་ལས་བྱུང་བ་སྟེ།
1. ཧོར་ཟླ་གསུམ་པ། རྒྱ་ནག་སྐད་དུ་མཱ་ཡོལ་ཞེས། ། རྟ་ཟླ་དབྱར་འབྲིང་མིང་གཟུགས་ཟླ། ། གསན་ཡོལ་ཧོར་ཟླ་གསུམ་པ་སྟེ། ། དཔྱིད་ཟླ་འབྲིང་པོ་ལེགས་སྦྱར་སྐད། ། ཙི་ཏྲི་ནག་པ་ལུག་གི་ཁྱིམ། ། ཞེས་སོ། ། 2. ཧོར་ཟླ་བཞི་པ། རྒྱ་ནག་སྐད་དུ་ཡང་ཡོལ་ཞེས། ། ལུག་ཟླ་དབྱར་ཐ་སྐྱེ་མཆེད་ཟླ། ། གསི་ཡོལ་ཧོར་ཟླ་བཞི་པ་སྟེ། ། དཔྱིད་ཟླ་ཐ་ཆུང་བི་ཤྭ་ཁར། ། འབོད་པ་ས་ག་གླང་གི་ཁྱིམ། །ཅེས་སོ། ། 3. ཧོར་ཟླ་ལྔ་པ། རྒྱུ་ནག་སྐད་དུ་ཧུ་ཧུ་ཡོལ། ། སྤྲེལ་ཟླ་སྟོན་ར་རེག་པའི་ཟླ། ། འུ་ཡོལ་ཧོར་ཟླ་ལྔ་པ་སྟེ། ། དབྱར་ཟླ་ར་བ་ཚེཊྛ་ཞེས། ། སྒྲོན་གྱི་ཟླ་བ་འཁྲིག་པའི་ཁྱིམ། ། ཞེས་སོ། ། 4. ཧོར་ཟླ་དྲུག་པ། རྒྱ་ནག་སྐད་དུ་ཀྱི་ཡོལ་ཞེས། །བྱ་ཟླ་སྟོན་འབྲིང་ཚོར་བའི་ཟླ། ། བླུ་ཡོལ་ཧོར་ཟླ་དྲུག་པ་སྟེ། ། དབྱར་ཟླ་འབྲིང་པོ་ཨཱ་ཥཱ་དྷར། ། འབོད་པ་ཆུ་སྟོད་ཀརྱའི་ཁྱིམ། ། ཞེས་སོ། ། 5. ཧོར་ཟླ་བདུན་པ། རྒྱ་ནག་སྐད་དུ་གའུ་ཡོལ། ། ཁྱི་ཟླ་སྟོན་ཐ་སྲེད་པའི་ཟླ། ། ཚི་ཡོལ་ཧོར་ཟླ་བདུན་པ་སྟེ། ། དབྱར་ཟླ་ཐ་ཆུང་ཤཱ་ཝ་ཎར། ། འབོད་པ་གྲོ་བཞིན་སེང་གེའི་ཁྱིམ། ། ཞེས་སོ། 6. ཧོར་ཟླ་བརྒྱད་པ། རྒྱ་ནག་སྐད་དུ་དུའི་ཡོལ་ཞེས། ། ཕག་ཟླ་དགུན་ར་ལེན་པའི་ཟླ། ། པཱ་ཡོལ་ཧོར་ཟླ་བརྒྱུད་པ་སྟེ། ། སྟོན་ར་བྷཱ་དྲ་བ་ད་ཞེས། ། འབོད་པ་ཁྲུམས་ཟླ་བུ་མོའི་ཁྱིམ། ། ཞེས་སོ། ། 7. ཧོར་ཟླ་དགུ་པ། རྒྱ་ནག་སྐད་དུ་ཞུའི་ཡོལ་ཞེས། ། བྱི་བ་དགུན་འབྲིང་སྲིད་པའི་ཟླ། ། སྒྲིའུ་ཡོལ་ཧོར་ཟླ་དགུ་པ་སྟེ། ། སྟོན་ཟླ་འབྲིང་པོ་ཨཅུ་ན། ། འབོད་པ་དབྱུག་ཟླ་སྲང་གི་ཁྱིམ། ། ཞེས་སོ། ། 8. ཧོར་ཟླ་བཅུ་པ། རྒྱ་ནག་སྐད་དུ་ནེའུ་ཡོལ་ཞེས། ། གླང་ཟླ་དགུན་ཐ་སྐྱེ་བའི་ཟླ། ། ཤིང་ཡོལ་ཧོར་ཟླ་བཅུ་པ་སྟེ། ༈ སྟོན་ཟླ་ཐ་ཆུང་ཀཱརྟི་ཀར། ༑ འབོད་པ་སྨིན་དྲུག་སྡིག་པའི་ཁྱིམ། ། ཞེས་སོ། ། 9. ཧོར་ཟླ་བཅུ་གཅིག་པ། རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ། ། སྟག་ཟླ་དཔྱིད་ར་རྒ་ཤིའི་ཟླ། ། དབྱི་ཡོལ་ཧོར་ཟླ་བཅུ་གཅིག་པ། ། དགུན་ར་མཱརྒ་ཤིཎ་ཞེས། ། འབོད་པ་མགོ་ཟླ་གཞུ་ཡི་ཁྱིམ། །ཞེས་སོ། ། 10. ཧོར་ཟླ་བཅུ་གཉིས་པ། རྒྱ་ནག་སྐད་དུ་ཐུར་ཡོལ་ཞེས། །ཡོས་ཟླ་དཔྱིད་འབྲིང་མ་རིག་ཟླ། །ཤི་དབྲི་ཡོལ་ཞེས་བཅུ་གཉིས་པ། ། དགུན་ཟླ་འབྲིང་པོ་པོའུ་དུ། ། འབོད་པ་རྒྱལ་ཟླ་ཆུ་སྲིན་ཁྱིམ། ། ཞེས་སོ། ། 11. ཧོར་ཟླ་དང་པོ། རྒྱ་ནག་སྐད་དུ་ལུང་ཡོལ་ཞེས། ། འབྲུག་ཟླ་དཔྱིད་ཐ་འདུ་བྱེད་ཟླ། ། བྱི་ཡོལ་ཧོར་ཟླ་དང་པོ་སྟེ། ། དགུན་ཟླ་ཐ་ཆུང་མཱགྷ་ཞེས། ། འབོད་པ་མཆུ་ཟླ་བུམ་པའི་ཁྱིམ། ། ཞེས་སོ། ། 12. ཧོར་ཟླ་གཉིས་པ། རྒྱ་ནག་སྐད་དུ་ཞེ་ཡོལ་ཞེས། ། སྦྲུལ་ཟླ་དབྱར་ར་རྣམ་ཤེས་ཟླ། ། དབྲི་ཡོལ་ཧོར་ཟླ་གཉིས་པ་སྟེ། ། དཔྱིད་ཟླ་ར་བ་ཕྲ་རྒུ་ནཱར། ། འབོད་པ་དབོ་ཟླ་ཉའི་ཁྱིམ་མོ། ། ཞེས་སོ། ། གཞན་ཡང་ཁྱིམ་ཟླ་མིང་། ། གདན་བཞི་རྡོ་རྗེ་མཁའ་འགྲོ་ལས། ། གསུངས་པ་རྒྱལ་ཟླ་ནས་བརྩམས་ཏེ། །འོ་ཧི་ཏ་དང་མོ་ཧི་ཏ། ། དེ་བཞིན་བྷ་དྲང་ཥ་བྷ། ། ཀུརྨ་མ་ཀ་ར་ཧ་དང་། ། རཱཉྩ་མི་ཀི་བྷི་དྲི་ཀ། ། བྱ་ཀུ་ལི་དང་སཔ་དང་། ཀ་མ་ཎ་དབང་བཅུ་དང་གཉིས། ། ཞེས་གསུངས་བསྒྱུར་ན་འཕེལ་བ་དང་། །གཏི་མུག་བཟང་པོ་ཁྱུ་མཆོག་གོ ། རུས་སྦུལ་ཆུ་སྲིན་ཡུགས་ས་མོ། ། སྨེ་བ་འབུག་པ་འཕྱོ་བ་དང་། རྨི་ལམ་ས་ཡི་དབང་ཕྱུག་གོ ། ཞེས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཟ་པ་》ཤུ་554.10ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |