10195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བཟླས་པ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཁོར་ལྔ་སྡེ་བཟང་པོ་ལ་ཆོས་འཁོར་བསྐོར་བའི་སྐབས་ཏེ།

1. ངོ་བོ་ལ་བཟླས་པ་བཞི་ནི། (1)འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། (2)འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། (3)འདི་ནི་འགོག་པ་འཕགས་པའི་བདེན་པའོ། (4)འདི་ནི་ལམ་འཕགས་པའི་བདེན་པའོ། ། 2. བྱེད་པ་ལ་བཟླས་པ་བཞི་ནི། (1)སྡུག་བསྔལ་ཤེས་པར་བྱ། (2)ཀུན་འབྱུང་སྤང་བར་བྱ། (3)འགོག་པ་མངོན་དུ་བྱ། (4)ལམ་སྒོམ་པར་བྱ་ཞེས་བྱེད་པ་ལ་བཟླས་པའོ། ། 3. འབྲས་བུ་དང་བཅས་པ་ལ་བཟླས་པ་བཞི་ནི། (1)སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། (2)ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། (3)འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། (4)ལམ་སྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད་པ་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1832.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number