10206
Tibetan | རི་བརྟག་པ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་ས་ཆུ་ཤིང་གི་དཔྱད་པའི་སྐོར་ལས་བྱུང་བ་སྟེ།
1. རིའི་རྒྱལ་པོ་བརྟག་པ་ནི། རིའི་རྒྱལ་པོའི་རྩེ་མོ་གནམ་ལ་སྙེག་པ་ལྷུན་སྟུག་ཅིང་ཁོད་སྙོམས་པ་ཡ་ཡོ་མེད་པ། གངས་ནགས་གསུམ་འཛོམ་པ། རོང་དང་ཆུ་ཡིས་མདུན་བསྐོར་བ། རྩེ་ན་བྱ་ཁྱུང་ཆེན་ལྡིང་བ། རྐེད་པ་འཐུག་ཤ་ཆགས་པ་ལ་ཤ་རྐྱང་མང་པོ་རྩེ་བ། རྒྱབ་གཟེར་ལ་མདུན་བསྙལ་བ། ཐུ་བ་གཤམ་རིང་ས་མཐུའ་སྐྱོར་བ།ནང་པར་ཉི་མའི་མདངས་ཐོབ་ལ་དགོང་མོ་ཉི་མའི་ཟེར་སྡུད་པ་ཕྱོགས་མཚམས་ཀྱི་རི་རྣམས་ཚུར་ལ་བཏུད་ཅིང་རྒྱ་མཚོ་དང་ཆུ་བྲན་དུ་མས་བསྐོར་བ། རྩི་ཤིང་ནགས་ཚལ་རྒྱས་ཤིང་བྱ་ཕྲན་སྙན་པའི་སྐད་སྒྲོག་པ། མདུན་ན་མེ་ཏོག་གི་ཀློང་རྒྱས་ཤིང་ཕྱོགས་ཀྱི་ལྷ་བཞི་ཚང་ལ་མཚམས་ཀྱི་དགྲ་བཞི་མེད་པ། ཕུ་ན་དར་དཀར་ཡོལ་བ་བྲེས་པར་ལྷ་བྱ་གོང་མོས་སྐད་སྙན་སྒྲོག་པ། མདའ་ན་ཕྱག་རྒྱ་སྙེམ་གྱིས་བསྡམས་པར་གཡུ་བྱ་ཁུ་བྱུག་སྐད་འབྱིན་པ། ནུབ་ཕྱོགས་བཀྲ་ཤིས་ལྷུན་པོ་ནི་བརྩིགས་པར་ནགས་ཚལ་དྲ་བས་བརྒྱན་པ། རི་ཕྲན་སྟོང་གིས་མཐའ་བསྐོར་ནས་ཆུ་ཕྲན་སྟོང་འགྱེད་པ། ཐུ་བར་བེ་ལུག་མང་པོའི་གཡང་ཆགས་པ། ཤིང་མང་ཞིང་གཅན་ཟན་དང་བྱ་རྒོད་གནས་པ་ནི་རིའི་རྒྱལ་པོའོ། ། 2. རིའི་བློན་པོ་བརྟག་པ་ནི། རིའི་བློན་པོ་རི་རྒྱབ་ནི་ལྷུན་སྟུག་པ་སྲབ་འཐུག་མེད་པོར་ཁོད་སྙོམས་ཤིང་། མདུན་དུ་ཆུ་རྒྱུན་འབབ་པ་རི་གཞན་ལ་མ་བརྟེན་པར་ཚུགས་ཐུབ་པ། གསེར་གྱི་སྤང་བཟང་པོ་མདངས་དང་ལྡན་ཞིང་གཡུ་ཤུག་གིས་བརྒྱན་པ། རྨང་གི་ཐུ་བ་གཞི་འདིང་བཟང་ཞིང་གཡས་ན་བྲག་དམར་འདབ་བཟང་བོ། གཡོན་ན་ཆུ་མིག་སྔོ་བཟང་ཡོད་པ། གནམ་སའི་ཀ་བ་བཟང་ལ་མཐོ་བ། ལྷོ་བྱང་ཟམ་པ་གཞུང་ཚུགས་པ། ངེམ་གྲོག་དང་གཡང་ས་ཕྱིར་བོར་བ། རི་བརྒྱད་བཟང་པོ་ཡས་ནས་ཆགས་པ། རི་བྲན་མང་པོས་ཐ་མ་བསྐོར་བ། ངོས་འཇམ་ལ་བ་ཚྭ་དང་ཟུག་རྔུ་མེད་པ་ནི་རིའི་བློན་པོ་ཡིན་ནོ། ། 3. རིའི་དམངས་བརྟག་པ་ནི། རི་ལྷུན་སྡུག་རྩེ་མོ་ཟླུམ་པ། ཆུ་བྲན་ལྕག་ལྕིག་ཉུང་བ་རྩུབ་ལ་ཁྲོ་བའི་ཉམས་དང་ལྡན་པ་བྲག་ཆའི་སྒང་སྦོམ་པ་དེ་དམངས་གྱི་ཕོ་རི་ཡིན་ནོ། ། རྩེ་མོ་སྲུབ་ཅིང་ཕྱིར་ལ་ལྷུན་སྲིབ་ཆུ་ཕྲན་ལྕག་རྩིག་མང་ཞིང་འཇམ་ལ་འཁྱིལ་བ་ནི་དཔྱད་མཛེས་ལ་བྲག་ཆའི་སྐད་ཕྲ་བ་ནི་དམངས་ཀྱི་མོ་རི་ཡིན་ནོ། ། འདྲེས་མ་ནི་མ་ནིང་གི་རིའོ། ། 4. རིའི་མདུན་རྒྱབ་དང་རྩེ་རྒེད་ཐུ་བ་བརྟག་པ་ནི།རིའི་སྤུང་ཡོད་རྒྱབ་ཡིན་ལ་ནགས་ཚལ་མདུན་ནོ། ། དགུ་པ་མེདུན་ལ་དགྱེ་བ་རྒྱབ་དང་། དེས་ཀྱང་མ་རྟོགས་ན་དབྱར་ར་བའི་ཉལ་ཕྱོགས་བཞིར་མི་བཞིས་ཉན་ཏེ། རྩེ་མོ་ནས་མི་གཅིག་གན་རྐྱལ་དུ་ལོག་ལ་སྐད་སྨྲས་པས་གང་དུ་ཆེར་གསལ་བ་མདུན་ཡིན་ནོ། ། རིའི་རྩེ་རྐེད་དང་ཐུ་བ་ནི། རྩེ་མོ་སློབ་དཔོན་བཞུགས་པ་འདྲ་བ། རྐེད་པ་སློབ་མས་བསྐོར་བ་འདྲ་བ། རྩེ་མོ་རྒྱལ་པོ་གདན་བཞུགས་འདྲ་བ། རྐེད་པ་རྒྱལ་ཕྲན་གྱིས་བསྐོར་བ་བྱེད་པ་དང་འདྲ་བ་དང་། ཐོང་ལྕགསཾ་གནེམ་དུ་བསྒྲེང་འདྲ་བ། སེང་གེ་གནམ་དུ་མཆོང་འདྲ། ལྷ་ཕྲུག་གར་བྱེད་རྣམས་བཟང་ངོ་། ། ཐུ་བ་ནི་བཙུན་མོ་གོ་ཟུ་གྱོན་པོ་ལ་དར་དཀར་ཆག་གདོབ་འདྲ་བཟང་། ཟླ་བ་ཚེས་པ་འདྲ་བ། གྲུམ་ཙེར་ནས་སྤུངས་པ། མཎྜལ་བཀོད་པ་འདྲ་བ། བཙུན་མོ་སྦྲུམ་མའི་ལྟོ་བ་འདྲ་བ་རྣམས་བཟང་ངོ་། ། 5. གཅེས་པའི་ས་དགུ་བརྟག་པ་ནི། ནམ་མཁའ་གྲུ་བཞིར་གནས་པ་སྐུ་རྒྱན་བརྩིག་པའི་ས་རུ་གཅེས་ལ། གཤའ་རོ་སྔོན་པོ་བློན་པོའི་ས་དང་། གངས་དཀར་ལེའུ་བརྩེགས་པ་ཡིག་ཚང་གསེར་གཡུའི་སར་གཅེས། སྤང་རི་མགོ་ཐབས་ནི་སྐྱེས་པའི་ས་ལ། སྤང་གཞོངས་མེད་གཞི་སྐྱོང་བའི་ས་ནི་མནའ་མ་དང་གཤིན་པོའི་ས་རུ་གཅེས། ལུ་མ་བུ་སྲིང་མཛངས་བའི་ས་ལ་ནགས་རི་སོགས་ཁ་འདྲ་བ་ནི། བག་མ་རྩལ་འགྲན་ས་རུ་གཅེས། ནེའུ་གསིང་རྟ་གནག་གཉིས་གྱི་ས་ལ་སོ་རི་ཕར་ཚུར་འདུག་པ་ནི་བེ་ལུག་ཕྱུགས་བྲན་ས་རུ་གཅེས། གཅེས་པ་དགུ་པོ་དེ་རྒྱལ་བློན་གྱི་རི་ལ་གཅེས་པ་ཡིན་ནོ། ། 6. སའི་ཡོད་ལྔ་དང་ཐང་བརྟག་པ་ལས། སའི་ཡོད་ལྔ་ནི། ཕྱུག་པོ་ན་ལ་ཡོད། དཔའ་བོ་བྲག་ལ་ཡོད། འཕན་པོ་ཤང་ལ་ཡོད། མགྱོགས་པོ་ཆུ་ལ་ཡོད། ། མཛངས་པ་ཐང་ལ་ཡོད་པའོ། ། ཐང་ཕྱུག་པ་ལ་གཉིས་ཏེ། མཐོ་བའི་འབུར་བ་འདྲ་བ། ། དམའ་བའི་བསྐྱིལ་བ་འདྲ་བ། མི་ས་མཐོ་ལ་གཙང་བ། ནོར་ས་དམའ་ལ་འཁྱིལ་བའོ། ། 7. བྲག་གི་དབྱིབས་བཟང་པོ་བརྟག་པ་ནི། བྲག་དབྱིབས་བཟང་པོ་ཐོད་བཅིངས་པ་འདྲ་ན་མི་མགོ་མཐོ། ལྕགས་ཅན་དག་བྱ་ར་བྱེད་པ་འདྲ་བ་ལ་ཕ་རོལ་དགྲས་མི་ཚུགས། བྲག་བྱ་ཁྱུང་འདྲ་ན་མཛེ་འདྲེ་ཐུབ། བཙུན་མོ་གོས་གྱོན་འདྲ་ན་བུད་མེད་ལ་བཟང་། ན་ཆུང་བུ་ཐོགས་འདྲ་ན་བྱིས་པར་བཟང་། ཕག་ཟེ་འདྲ་ན་བུ་སྒབ་འཕེལ། ཁྲ་ནི་ཡས་ནས་མར་གཟེན་བོབས་འདྲ་ན་རྗེ་གཤགས་འདེབས་པས་བཟང་། ལྷ་བྲན་གར་བྱེད་འདྲ་ན་བྱིས་པ་ཁ་དོག་ལེགས་པ་འབྱུང་། རིན་ཆེན་བསྟར་ལ་བརྒྱུས་པ་འདྲ་ན་མི་ནོར་གང་ལ་བཟང་། ཁང་པའི་སྒོ་ནས་གོམ་པ་ལྔ་ཚུན་ལ་བྲག་བྱུང་ན་སྒོ་ལྷ་སྟག་གཡག་ཡིན་པས་བཟང་། ཟུར་གཤམ་དུ་གོམ་པ་བཅུ་གསུམ་ཚུན་ན་ཕ་བོང་ཁ་ཐུར་བསྟན་པ་བྱུང་ན་ཟུར་གྱི་སྒོ་སྲུང་བྱ་བས་བཟང་། ཁམས་ལྔའི་གྲོགས་ཐོག་ན་བྲག་བཞིན་ལེགས་པ་འབུར་རེ་བྱུང་ན་བཟང་། ལྕོག་གའི་སྐད་བསྒྱུར་བ་འདྲ་བ་བྱུང་ན་མཁས་པ་འོང་ངོ་། ། 8. ཕྱོགས་ཀྱི་ལྷ་བཞི་ཚང་བ་བརྟག་པ་ནི། ཁང་པ་དང་དུར་ས་ཐམས་ཅད་ལ་ཕྱོགས་ཀྱི་ལྷ་བཞི་ཚང་དགོས་པས། (1)ཤར་གྱི་སྟག་སྐྱ་བོ་ལམ་ཡིན། (2)ལྷོའི་ཆུ་གཡུ་འབྲུག་སྔོན་མོ་ཡིན།། (3)ནུབ་ཀྱི་བྱ་དམར་མོ་ཚལ་དང་ན་ཡིན། (4)བྱང་གི་རུས་སྦལ་རྒྱལ་བོ་བྲག་དང་ན་ཡིན་ནོ། ། དེས་མི་གྲངས་འཕེལ་ཞིང་ཡིད་ཚང་ཐོབ་པའོ། ། ཤར་གྱི་སྟག་ནི་དཔལ་འདྲེན་གྱི་ཐག་པ། ལྷོའི་སྟག་ནི་དཔལ་གྱི་སྣ་ཐག ཤར་འབྲུག་ཡིད་ཆང་ཐོབ་པ་དང་། བྱང་འབྲུག་གི་དཔལ་གྱི་བསྐུལ་ཆུ། ཤར་གྱི་བྱ་མི་གྲངས་འཕེལ་བའི་ཤིང་ཡིན། ལྷོའི་བྱེ་མི་ནོར་གཡང་གི་མ་ཡིན། ནུབ་ཀྱི་བྱ་མི་རྟའི་ཚེ་དང་སྲོག་འཛིན་ཡིན། ཤར་གྱི་རུས་སྦལ་མི་གྲངས་འཛིན་པ་ཡིན། ནུབ་ཀྱི་རུས་སྦལ་ཚེའི་བར་བུ་ཡིན། བྱང་གི་རུས་སྦལ་ཡིད་ཚང་ཐོབ་པ་ཡིན། ནང་གི་ལྷ་བཞི་ནི། ཤར་དུ་ཕྱུགས་བྲེས་སྟག་སྐྱེ་ཡིན་ཏེ་བཟང་། ལྷོར་རང་འཐག་འབྲུག་སྔོན་བཟང་། ནུབ་ཏུ་ཐབ་བཅས་ན་བྱ་དམར་པོ། བྱང་དུ་ཆུ་སྣོད་བཞག་ན་རུས་སྦལ་ཡིན་པས་བཟང་ངོ་། ། 9. གནམ་དབྱིབས་བཟང་པོ་བརྟག་པ་ནི། གནམ་དབྱིབས་ནི་འཁོར་ལོ་ས་བརྒྱད་འདྲ་ན་ཡིད་ཚང་ ཐོབ། དཔལ་བེ་འདྲ་ན་ནད་དཀོན། རིན་ཆེན་འདྲ་ན་ནོར་ཆེ་བར་འགྱུར། སླ་ང་ཁ་སྦུབ་འདྲ་ན་ཁ་གཤིམ། གྲུ་བཞི་བྱུང་ན་དར་ཞིང་རྒྱུས། རུས་སྦལ་འདྲ་ན་མི་རྣམས་ཚེ་རིང་། ཟླུམ་པོ་བྱུང་ན་མི་སྒྲུབ་འཕེལ། ། ཟླ་གམ་དུ་བྱུང་ན་བུད་མེད་བཟང་། ཕུ་མདའ་ནར་མོས་མི་རྣམས་ཚེ་རིང་། དཀྱིལ་འཁོར་འདྲ་ན་བན་བོན་ལ་བཟང་། ཤར་རིང་ན་མི་གྲངས་འཕེལ་བ་ཡིན། ལྷོ་རིང་ན་བ་ཚ་འཕེལ། ནུབ་རིང་ན་ནོར་འཕེལ། བྱང་རིང་ན་ཉེ་འབྲེལ་དར། རལ་གྲི་འདྲ་ན་སྐྱེས་པར་བཟང་ཡང་རྩུབ་པ་ཙམ་མོ། ། གྲུ་བཞི་བྱིས་པར་བཟང་།ཀུ་རུ་ཁ་ནི་བཙད་པོར་བཟང་ལ། རྡོ་རྗེ་དང་དྲིལ་བུ་བན་དེར་བཟང་། ལུག་ཉལ་བ་འདྲ་ན་ཕྱུགས་ནོར་ལ་བཟང་ངོ་། ། 10. ས་བཟང་པོའི་ཁ་དོག་བརྟག་པ་ནི། གྲོད་པུ་ཞོས་༧༡ བཀང་བའི་མདོག་དང་། ཉི་ཟེར་གྱི་མདོག་དང་། ཤིང་ལྕི་ལྟ་བུ་ཀུན་གྱི་མདོག་དང་། ལྔ་སྤྱང་ རྒྱུགས་པ་རྟེན་པའི་མདོག་དང་། སྤྲེལ་དང་བོང་བུའི་སྤུ་མདོག་དང་། ཁྱིམ་བྱ་དང་གོང་མོ་དང་སྲེག་པ་དང་མཐིང་རིལ་དང་འུག་པ་དང་རྨ་བྱའི་མགྲིན་ལ་སོགས་པའི་མདོག་དང་། ཀོ་བ་དང་མར་གྱི་མདོག་འདྲ་བ་རྣམས་བཟང་བ་ཡིན་ནོ། ། ཉི་མ་འཆར་སྔ་ནུབ་པ་ཕྱི་བ། ན་དང་སྤང་འབྲེལ་ལ་རི་ཐང་འབྲེལ་བ། ཆུ་བྲེན་རི་མཐར་ཕན་ལ་འབབ་པ། རྩི་ཤིང་མང་པོ་སྐྱེས་པ། ཁང་ས་སྟེང་དང་ཞིང་ས་འོག་ན་ཡོད་པ་དེ་དག་རྣམས་སའི་དཔལ་ཞེས་བྱའོ། ། 11. ཤིང་བཟང་པོ་བརྟག་པ་ནི། ཤིང་ཁང་པའི་ཤར་ཕྱོགས་སུ་བྱུང་ན་མི་གྲངས་འཕེལ་བས་བཟང་ངོ་། ཕུ་རུ་ཤོལ་པོ་སྐྱེས་ན་གནམ་སྒོ་ཐུབ། ། ཁང་བའི་མཐར་རྩི་ཤིང་བྱུང་ན་བཟང་། དུར་སར་ཤིང་སྐྱེས་ན་མི་གྲངས་འཕེལ། ། ཤར་དུ་འོན་བུ་སིང་ལྡེང་སྐྱེས་ན་བཟང་། ། བྱང་དུ་གླང་མ་ཐང་ཤིང་སྐྱེས་ན་བཟང་། ། མཚམས་སུ་ཤོལ་པོ་སྐྱེས་ན་བཟང་། ས་དགྲ་ངན་པར་ཤིང་སྐྱེས་ན་ཐུབ། ཆུ་ཁམས་པ་ལ་ལྷོ་ནུབ་བྱང་དུ་ཤིང་སྐྱེས་ན་བཟང་། ཤིང་ཁམས་པ་ལ་ནུབ་ཏུ་སྐྱེས་པ་དང་། མེ་ཁམས་པ་ལ་བྱང་དུ་སྐྱེས་པ། ས་ཁམས་པར་ཤར་དུ་སྐྱེས་པ། ལྕགས་ཁམས་པར་ལྷོར་ཤིང་སྐྱེས་པ་རྣམས་བཟང་སྟེ་དགྲ་བཞི་ཐུབ་པ་ཡིན། དུར་སར་ཤིང་སྐྱེས་ན་རབ་ཏུ་ཤིས་པ་ཡིན་ནོ། ། 12. ཆུ་བཟང་པོ་བརྟག་པ་ནི། ཆུ་མིག་དཀར་པོ་རྡོལ་ན་གཙོ་བོས་དབང་ཐུབ་ཅིང་བུ་ཚ་ལ་བཟང་ཞིང་གཉེན་མཐའ་བཟང་པོ་རྙེད་པ་ཡིན། ཆུ་འགོ་མང་རྡོལ་ན་མི་ནོར་མང་དུ་འཕེལ། བྲག་ལས་ཆུ་འབེབས་ན་མི་འབྲུ་ས། ལྷོ་ནས་ཆུ་རྡོལ་ན་བུ་སྲིང་དང་ཕ་མ་འཚོ། གཡས་ནས་ཆུ་རྡོལ་རྡོལ་ན་ཕོ་བརྒྱུད་འཕེལ་། གཡོན་ནས་ཆུ་རྡོལ་ན་ནུ་བོའི་བརྒྱུད་འཕེལ། དབུས་ནས་ཆུ་རྡོལ་ན་འབྲིང་བརྒྱུད་འཕེལ་ཆུ་དེ་རྣམས་གཙང་པོར་སླེབས་ན་བཟང་། མཚོ་ཆེན་མེ་རེ་བ་མི་ནོར་གཉིས་ཀར་བཟང་ངོ་། ། ཤར་ནས་ཆུ་བབས་ན་མཛངས་པའི་ཆུ་ཡིན། ལྷོ་ནས་བབས་ན་གཡའ་ཆུ་དང་ནུབ་ནས་འབབ་པ་བཟང་ངོ་། ། དལ་ཞིང་ཉལ་བའི་ཆུ་བོ་བཟང་ངོ་། ། ཁང་པོ་དང་དུར་སའི་འབེབ་པ་ནི། མྱུར་སྤྱོད་ཕས་འཁྱུས་འབབ་པ་མི་རབས་བདུན་དུ་བརྟན་པའི་ཆུ་ཡིན། ཤར་ནས་ནུབ་ཏུ་འབབ་ན་དངོས་གྲུབ་འཕེལ་བའི་ཆུ་ཡིན་པས་བཟང་ཞིང་བཀྲ་ཤིས་དང་བདེ་ལེགས་འབྱུང་བར་འགྱུར་རོ། ། ལྷོ་ཆུ་བྱང་དུ་འབབ་ན་དམུ་ཡབ་གྲོགས་ཆུ་ཕ་མིང་ལ་བཟང་། ཁ་འདྲ་ནས་འབབ་པ་ཁས་དྲག་འོང་། ནུ་མ་འདྲ་བ་ནས་འབབ་པས་མི་ནོར་འཕེལ། རྣ་བ་ནས་འབབ་པ་དཔའ་རྩལ་ཆེ། མཇེ་འདྲ་བ་ནས་འབབ་པ་བུ་ཚ་མང་། དེ་ལྟ་བུའི་བཟང་པོའི་ཆུ་རྣམས་དང་དུ་བླང་དགོས་སོ།། |
Tibetan Source | 《མདོ་རྒྱུད་མཛོད་ཧ་པ་》ཤ་668.6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |