10230

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ས་གདབ་དམིགས་ཁྱད་པར་ཅན་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ།

1. དམུ་ཡབ་བསྐྱེད་པའི་ས་བརྒྱད་ནི། (1)མར་ཁུ་བཏུས་པ་ལྟ་བུ། (2)ན་ཆུང་ནུ་མ་ལྟ་བུ། (3)དཀྱིལ་འཁོར་སྟེགས་བུ་ལྟ་བུ། (4)ཕྱག་རྒྱུ་བསྣོལ་བ་ལྟ་བུ། (5)དར་དཀར་ཐུ་བ་ལྟ་བུ། (6)སྟག་མོའི་འཛུམ་ལྟ་བུ། (7)སེང་གེའི་སྒྲོམ་དང་དཀྱིལ་འཁོར་གྱི་ཏོག་ལྟ་བུ། (8)རྒྱལ་མཚན་ཕྱུར་བ་ལྟ་བུ་རྣམས་སོ། 2. སྤྱིའི་ས་དམིགས་བརྒྱད་ནི། (1)མཐོ་སྟོད་དབུས་ན་དམའ་བ། (2)ཡར་མར་ལྷུངས་པ། (3)ཕན་ཚུན་འཁྱུད་པ། (4)ཁོལ་བུར་མཐོ་བ་དང་དགྱེ་དགུ་མེད་པ། (5)སྤྱང་ཁ་དགྱེ་དགུ་མེད་པ། (6)མས་ཡར་འཛེགས་པ་ལྟ་བུ། (7)ཐུ་བའི་གཤམ་ཟུར་རིང་བ། (8)མར་ཁུའི་གཞོང་བ་ལྟ་བུའོ། ། 3. སྙིང་པོའི་ས་དམིགས་ནི། (1)དཔལ་བེའུ་ལྟ་བུར་བཞག་པ། (2)རྒྱ་སྲུབས་ལྟ་བུར་བཙེམས་པ། ། (3)རྒྱལ་མཚན་བཞིན་དུ་ཕྱར་བ། (4)དཔལ་དར་ལྟ་བུར་བརྐྱང་བ། (5)མཆོད་རྟེན་ལྟ་བུར་བརྩེགས་པ། (6)བུམ་པ་ལྟ་བུར་བསྐྱིལ་བ། (7)གར་མཁན་བཞིན་དུ་སྒེག་པ། (8)ན་ཆུང་བཞིན་དུ་བརྒྱན་པའོ། ། མཐོ་དབུས་སྐྱོབ་པའི་སྙིང་ཡིན། ། ཕྱོགས་བཞི་ཀུན་འཇམ་པ་སའི་སྙིང་ཡིན། རི་འགོ་ལྷོ་འཇམ་པ། རྒྱབ་རི་ཉིལ་དང་ལྡན་པ། ཐུ་བ་གཤམ་ན་རིང་བ། ཡས་མར་སྦུབ་པ་འདྲ་བ། མས་ཡར་འཛེགས་པ་འདྲ་བ། གཡས་གཡོན་འཁྱུད་པ་འདྲ་བ། དཀྱིལ་ནས་མཐོ་བ་འདྲ་བ། འོག་ནས་འདེགས་པ་འདྲ་བ། དཔྱད་ཁ་དགྱེད་མོ་མེད་པ། རི་རལ་བྲག་སྲུབས་མེད་པ། གད་སྲུབས་ཞོམ་རལ་མེད་པ་རྣམས་སའི་སྙིང་པོ་ཡིན་ནོ། ། དེ་ལྟ་བའི་ས་བཟང་པོའི་དམིགས་དེ་དག་ཏུ་ཁང་དུར་ཞིང་ས་གང་བཏབ་ཀྱང་ཤིས་ཤིང་ཕུན་སུམ་ཚོགས་པ་ཡིན་ནོ། ། 4. འདོད་དོན་འབྱུང་བའི་ས་ནི། ནོར་འདོད་ན་ནགས་ལ་གདབ་བོ། ། རྩལ་འདོད་ན་བྲག རྟ་འདོད་ན་ལམ། ལུག་ལ་ཞིང་སྤུ་ལ་སྤང་། རྒྱལ་ས་འདོད་ན་རྒྱལ་པོའི་ཐུགས་ཀ དཔའ་བོ་སྟག་གི་འཛུམ། བུ་འདོད་ན་བཙུན་མོའི་པང་། ཚེ་རིང་རྡོ་རྗེས། སྙན་འདོད་དྲིལ་བུ། བགྲང་ཐུབ་པོ་ཏི། ནོར་རྫས་ནགས་ཆེན། རྗེ་འདོད་ཨུཏྤལ། དགོས་དགུ་རིན་ཆེན་ཕྱི་དབུས། མི་ནོར་གླང་ཆེན། ཟས་བཅུད་ཤ་བོ། དགྲ་འདུལ་སེང་གེའི་རལ་བ། བཤེས་གཉེན་དཀྱིལ་འཁོར། བཀའ་ཉན་རྒོད་མགོ། བཀུར་སྟི་འདོད་ན་ཟླ་ཚེས་དབུས། ཁས་དྲག་ཅིང་གཞན་གྱིས་བསྟོད་པར་འདོད་ན་རུས་སྦལ་གཞུང་ལ་གདབ། བང་མཛོད་འདོད་ན་སྒྲོམ་གྱི་དབུས་སུ་གདབ། རང་རང་གང་འདོད་པས་གཟུགས་དེ་དང་འདྲ་བའི་རི་གོང་བསྟན་དེ་དག་ལ་གདབ་པའོ། ། 5. མི་རབས་དུར་ལ་དར་བའི་ས་ནི། རིའི་རྒྱལ་པོ་ལ་བཏབ་ན་མི་རབས་བཅུ་གསུམ་གྱི་བར་དུ་མི་ནོར་དར་རོ། ། རི་བཙུན་མོ་འདྲ་ན་བདུན། བློན་པོ་མི་རབས་དགུ། ། བློན་མོ་ལྔ། རིན་ཆེན་དང་པདྨ་མི་རབས་བཅུ་གསུམ། སྟག་དང་རྨ་བྱ་མི་རབས་དགུ། ཁྱུང་དྲུག ། སེང་གེ་བདུན། ཐོང་ལྕགས་མི་རབས་ལྔ། ཨུཏྤལ་རྡོ་རྗེ་དགུ། དཔལ་བེ་གླང་ཆེན་མི་རབས་བདུན། དཀྱིལ་འཁོར་དང་ལེབ་རྒན་མི་རབས་གཉིས་ཀྱི་བར་བཟང་བའོ། ། 6. དགྲ་ལྷ་འགོ་བའི་ས་ནི། མདའ་དར་བཙུགས་པ་དང་། མདུང་དར་དང་། དར་དཀར་ཕྱར་བ་དང་། བ་དན་ཕྱུར་བ་དང་། ཁྲུབ་ཆེན་སྤུངས་པ་འདྲ་བའོ། ། 7. དབུལ་པོ་ཕྱུག་པོར་འགྲོ་བའི་ས་དྲུག་ནི། (1)འཁོར་བ་རྒྱ་མཚོའི་མདུད་པ། (2)གྲུམ་རྩེ།། (3)མར་ཁུ། (4)ཨུ་སྐུ། (5) སྟག་གི་ལྟོ་ཚིལ། (6)བ་གླང་གི་མཁལ་མའོ། ། 8. དཔའ་བོར་འགྲོ་བའི་ས་དྲུག་ནི། (1)སེང་གེའི་ཐོང་ག (2)སྟག་གི་ལྔ་བ། (3)གླང་ཆེན་མཁལ་ཁུང་། (4)ཁྲ་སྣོན་གཤོག་པ། (5)རྟ་རྒོད་པོའི་ཧམ་ཚུགས། (6)སྐྱེ་བོའི་བྲང་ངོ་། ། 9. དམའ་བ་མཐོན་པོར་འགྲོ་བའི་ས་དྲུག་ནི། (1) – (2)ཁྱི་ཕག་གི་ནུ་མ་འཐུང་ཚུལ་གཉིས། (3)ཕོའི་གེ་མེར། (4)མོའི་མཆུ་སོ། (5)མི་ཧྲེང་ལམ་ཞུགས། (6)ཆུ་མིག་མང་པོའོ། ། 10. མི་རབས་མི་སྟོངས་འཕེལ་བའི་ས་ལྔ་ནི། (1)ཤར་ཕྱོགས་གངས་རྩེ་མོར་སེང་དཀར་གནམ་མཆོང་འདྲ་བ། (2) ལྷོ་ཕྱོགས་གངས་ཆེན་རྩེ་མོར་གཡུ་འབྲུག་གནམ་མཆོངས་འདྲ་བ། (3)ནུབ་ཕྱོགས་གངས་ཆེན་རྩེ་མོར་རྨ་བྱ་གནམ་མཆོང་འདྲ་བ། (4)བྱང་ཕྱོགས་གངས་ཆེན་རྩེ་མོར་རུས་སྦལ་ནག་པོ་གནམ་མཆོང་འདྲ་བ། (5)མདུན་དུ་ཁྲི་འཕངས་བདེ་བ་རྣམས་སོ། ། 11. འཕེལ་བ་བརྒྱད་ཀྱི་ས་ནི། (1)རིན་ཆེན་སྤུངས་པ་འདྲ་ན་མི་ནོར་འཕེལ། (2)བྱ་ཕོའི་ཟེ་བ་འདྲ་ན་མི་སྒབ་འཕེལ། (3)ཕག་མ་བུ་འདྲ་བས་བུ་སྒབ་འཕེལ། (4)རི་གཅིག་མ་ལ་རི་བྲན་མང་པོས་གུས་འདུས་བུ་སློབ་འཕེལ། (5)རིན་ཆེན་འདྲ་བས་ནོར་འཕེལ། (6)ནེ་ལུ་མང་པོས་གནག་ཕྱུགས་འཕེལ། (7)ས་རྒྱུད་བཟང་ཞིང་ནེམ་ལེགས་པས་རྟ་འཕེལ། (8) རི་བརྒྱུད་བཟང་ལ་བྲག་བརྩེགས་མང་ན་ནོར་འཕེལ་ལོ། ། 12. ངོ་བོ་མགྱོགས་པའི་ས་ནི། ཤར་དུ་ཤིང་བྱུང་ན་ངོ་སོ་ཡིན་པས་བཟང་། དེའི་རྩར་ཆུ་བྱུང་ན་མགྱོགས་པོ་ཡིན་པས་བཟང་། ལྷོར་རྫ་དམར་བྱུང་ན་ངོ་སོ་དེའི་རྩར་ཤིང་གཅིག་བྱུང་ན་མགྱོགས་པོ། ནུབ་ཏུ་བྲག་ནག་པོ་ངོ་སོ་དེའི་རྩར་ཆུ་བྱུང་ན་མགྱོགས་པོ། བྱང་གི་ཚུ་ངོ་སོ་ཤིང་མགྱོགས་པའོ། ། ཤར་སོགས་སུ་མགྱོགས་པོ་མང་ན་མི་རྣམས་འཕེལ། ལྷོ་རི་སྤུངས་པ་འདྲ་ན་ནོར་འཕེལ། ནུབ་རི་མཐོ་ཞིང་ཞོལ་ན་ཚེ་རིང་། བྱང་རི་འཇམ་ཞིང་སྐྱ་བ་ན་དགྲ་མེད། ཤར་ལྷོ་མཐོ་ཞིང་འཁོར་ན་དར་རྒུད་མེད། ལྷོ་ནུབ་ཏུ་སྔ་སྔོ་མེད་ན་མི་གྲངས་བརྟན། ནུབ་བྱུང་འབུར་བ་དང་མཐོ་ན་ངོ་སོ་མགྱོགས། བྱང་ཤར་བཟང་ལ་འཐུག་ན་ཡུན་དུ་གནས་པ་ཡིན་ནོ། །

Tibetan Source 《མདོ་རྒྱུད་མཛོད་ཧ་པ་》ཤ་672.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number