10232
Tibetan | ས་བཟང་ངན་རྣམ་པ་གཉིས་ཀྱི་ནོར་པོ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ།
1. རྒྱལ་པོ་འཁར་བ་ཐོགས་པ་དང་ལོང་སྤྲང་དབྱུག་པ་ཐོགས་པ་གཉིས་པོ་ཁྲི་དང་འོད་ཀྱི་བྱེ་བྲག་དབྱེའོ། ། 2. བཙུན་མོ་གོ་ཟུ་གྱོན་པ་འདྲ་བ་དང་ཡུགས་ས་ཕྱིར་ཧྲུལ་གྱོན་འདྲ་གཉིས་པོ་འཇམ་རྩུབ་དང་རྒྱན་གྱིས་བྱེ་བྲག་དབྱེ། 3. བྱ་ཁྱུང་རྒྱལ་པོ་ལྡིང་བ་དང་རྒྱུ་ཁྲུ་ཟན་ལ་འཛུལ་བ་གཉིས་མེ་ཆུ་རིན་ཆེན་ཡོད་མེད་ཀྱིས་དབྱེ། 4. སེང་གེ་གྲངས་ལ་འཕྱོ་བ་དང་རི་བོང་ཐུར་ལ་རྒྱུག་པ་གཉིས་པོ་འགྱིང་བག་དང་རལ་བས་བྱེ་བྲག་དབྱེའོ། ། 5. གླང་ཆེན་འགྱིང་བ་དང་ཕག་འདུར་པ་གཉིས་པོ་སྤྱི་བོའི་མཐོ་དམན་གྱིས་དབྱེའོ། ། 6. སྒོ་ཁྱིས་བདག་པོའི་མདུན་བསུ་དང་སྤྱང་ཀི་ལུག་ལ་འཇབ་པ་གཉིས་པོ་མཇུག་མ་སྒྲིལ་བའི་ཁྱད་པར་དབྱེ། 7. ལྷའི་དྲིལ་བུ་སྒྲུབ་པ་དང་སྲིན་མོ་བྱ་ར་བྱེད་པ་གཉིས་པོ་སྤྱི་རིངས་བྲག་ཆོས་དབྱེའོ། ། 8. ལྷ་ཕྲུག་གར་བྱེད་པ་སྲིན་བྱ་ལ་ཁར་བབས་པ་གཉིས་པོ་ཁ་དོག་དཀར་ནག་གིས་དབྱེ། 9. དར་དཀར་ཡོལ་བ་བྲེས་པ་དང་ཤི་པགས་ཐང་ལ་བརྒྱངས་པ་གཉིས་པོ་མདངས་དང་སུལ་གྱིས་དབྱེ། 10. བསེ་རགས་ཐལ་བའི་ཕུང་པོ་དང་འབྲུ་ཡི་ཕུང་པོ་སྤུངས་པ་གཉིས་པོ་རྩེ་མཐོ་དབུས་ཀྱིས་དབྱེ། 11. མར་ཁུའི་གཞོང་པ་བསྐྱིལ་བ་དང་བསེ་རགས་ངུས་པའི་སྐྱོ་མ་གཉིས་པོ་སྤུ་མདངས་སེར་སྐྱེས་དབྱེ། 12. མུ་ཏིག་བསྟར་ལ་བརྒྱུས་པ་དང་སྦྲུལ་ནག་ཐུར་ལ་རྒྱུག་པ་གཉིས་པོ་སྐྲུམ་རྡོག་འཁྱོག་གིས་དབྱེ་བར་བྱས་ཏེ་མ་ནོར་བ་གལ་ཆེའོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཧ་པ་》ཤ་665.3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |