10235
Tibetan | སངས་རྒྱས་ཀྱི་མཛད་པ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། སྟོན་པ་ཤཱཀྱ་ཐུབ་པས་བསྐལ་ཆེན་གྲངས་མེད་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་། མཐར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱུར་མཛད་པ་བཅུ་གཉིས་བསྟན་པ་ནི་གྲུབ་མཐའ་བཞི་ཀས་འདོད་པ་མཚུངས་པའི་མཛད་པ་སྟེ།
1. དགའ་ལྡན་གནས་ནས་འཕོ་བའི་མཛད་པ། 2. ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ། 3. ལུམྦིའི་ཚལ་དུ་སྐུ་བལྟམས་པའི་མཛད་པ། 4. བཟོ་ཡི་གནས་ལ་མཁས་ཤིང་། གཞོན་ནུ་རོལ་རྩེད་ཀྱི་མཛད་པ། 5. བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་སྲིད་བཟུང་བའི་མཛད་པ། 6. གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་གྱིས་རབ་ཏུ་བྱུང་བའི་མཛད་པ། 7. ཆུ་བོ་ནེརཉྫ་ནར་དཀའ་བ་སྤྱད་པའི་མཛད་པ། 8. བྱང་ཆུབ་ཤིང་དྲུང་དུ་བཞུགས་པའི་མཛད་པ། 9. བདུད་སྡེ་བཅོམ་པའི་མཛད་པ། 10. ས་ག་ཟླ་བའི་ཡར་ཚེས་བཅོ་ལྔར་སངས་རྒྱས་པའི་མཛད་པ། 11. ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་བཞིའི་ཆོས་འཁོར་བསྐོར་བའི་མཛད་པ། 12. གྲོང་ཁྱེར་རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་ལས་འདས་པའི་མཛད་པ་བཅས་སོ། ། བྱེ་མདོ་གཉིས་ཀྱིས་དང་པོ་དགུ་བྱང་སེམས་ཀྱི་མཛད་པ། ཐ་མ་གསུམ་སངས་རྒྱས་ཀྱི་མཛད་པ་ཡིན་གསུངས། ཐེག་ཆེན་པས་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་སྟེ། དང་པོ་དགུ་སྐྱེ་བ་སྤྲུལ་སྐུའི་མཛད་པ། ཐ་མ་གསུམ་མཆོག་གི་སྤྲུལ་སྐུའི་མཛད་པ་ཡིན་གསུངས་སོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་469.11ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |