10242

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསལ་བྱེད་རྒྱན་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། རིགས་བརྗོད་པ་ཐོག་མའི་གསལ་བྱེད། བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད། ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད། རྫས་བརྗོད་པ་ཐོག་མའི་གསལ་བྱེད། རིགས་བརྗོད་པ་བར་གྱི་གསལ་བྱེད། བྱ་བ་བརྗོད་པ་བར་གྱི་གསལ་བྱེད། རིགས་བརྗོད་པ་ཐ་མའི་གསལ་བྱེད། བྱ་བ་བརྗོད་པ་ཐ་མའི་གསལ་བྱེད། ཕྲེང་བའི་གསལ་བྱེད། འགལ་བའི་གསལ་བྱེད། དོན་གཅིག་གསལ་བྱེད། སྦྱར་བའི་གསལ་བྱེད་དང་བཅུ་གཉིས་སོ། །དེ་ཡང་། གསལ་བྱེད་རྒྱུན་གྱི་ངོ་བོ་ནི། རིགས་དང་བྱ་བ་ཡོན་ཏན་སོགས། ། བརྗོད་ཚིག་ཐོག་མཐའ་བར་གང་ན། ། གནས་དེས་ཚིག་ཀུན་གསལ་བྱེད་པ། ། གསལ་བྱེད་རྒྱན་དུ་འདོད་པ་ཡིན། ། ཞེས་སོ། ། དབྱེ་བ་རྣམ་པ་བཅུ་གཉི་ས་ནི།

1. རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། རིགས་སྟོན་ཐོག་མའི་ཚིག་གིས་གཞན། ། གསལ་བྱེད་རིགས་བརྗོད་ཐོག་མའི་གསལ། །ཞེས་སོ། ། 2. བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད་ནི། བྱ་ཚིག་ཐོག་མར་བཀོད་དེས་ཚིག ། གཞན་གསལ་བྱ་བརྗོད་ཐོག་མའི་གསལ། ། ཞེས་སོ། ། 3. ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཡོན་ཏན་ཐོག་མར་བཀོད་དེས་ཚིག ། གཞན་གསལ་ཡོན་ཏན་ཐོག་མའི་གསལ། ། ཞེས་སོ། ། 4. རྫས་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཁྱད་རྫས་ཐོག་མར་བཀོད་དེས་ཚིག ། གཞན་གསལ་རྫས་བརྗོད་ཐོག་མའི་གསལ། ། ཞེས་སོ། ། 5. རིགས་བརྗོད་པ་བར་གྱི་གསལ་བྱེད་ནི། རིགས་ཚིག་བར་དུ་བཀོད་དེས་ཚིག ། གཞན་གསལ་བར་གྱི་རིགས་བརྗོད་གསལ། ། ཞེས་སོ། ། 6. བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ནི། བྱ་ཚིག་བར་དུ་བཀོད་པ་དེས། །གཞན་གསལ་བར་གྱི་བྱ་བརྗོད་གསལ། ། ཞེས་སོ། ། 7. རིགས་བརྗོད་པ་ཐ་མའི་གསལ་བྱེད་ནི། རིགས་ཚིག་ཐ་མར་བཀོད་པ་དེས། ། གོང་གསལ་རིགས་བརྗོད་ཐ་མའི་གསལ། ཞེས་སོ། ། 8. བྱ་བ་བརྗོད་པ་ཐ་མའི་གསལ་བྱེད་ནི། བྱ་ཚིག་མཐར་གནས་གོང་གི་ཚིག ། གསོལ་བྱེད་བྱ་བརྗོད་ཐ་མའི་གསལ། ། ཞེས་སོ། ། 9. ཕྲེང་བའི་གསལ་བྱེད་ནི། སྔ་ཕྱི་རིམ་བཞིན་ཕྲེང་བ་ལྟར། ། གསལ་བྱེད་ཕྲེང་བའི་གསལ་བྱེད་དོ། ། ཞེས་སོ། ། 10. འགལ་བའི་གསལ་བྱེད་ནི། གསལ་བྱེད་གཅིག་གིས་འགལ་བྱ་གཉིས། ། མཉམ་སྟོན་འགལ་བའི་གསལ་བྱེད་དོ། ། ཞེས་སོ། ། 11. དོན་གཅིག་གསལ་བྱེད་ནི། དོན་གཅིག་དུ་མའི་རྣམ་གྲངས་ཀྱིས། ། གསལ་སྟོན་དོན་གཅིག་གསལ་བྱེད་དོ། ། ཞེས་སོ། ། 12. སྦྱར་བའི་གསལ་བྱེད་ནི། སྦྱར་ཆོས་འདྲ་མཚུངས་གཞི་གཉིས་པོ། ། འབྲེལ་བྱས་སྦྱར་བའི་གསལ་བྱེད་དོ། ། ཞེས་སོ། །

Tibetan Source 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་583.11 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number